གསར་འགོད་པ་གཽརི་ལཀཾེཤ་མཆོག་གི་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཐོག་ཀརནཱཊཱཀའི་གཞུང་གིས་དམིགས་བསལ་དཔྱད་ཞིབ་ཀྱི་ཁྱབ་བསྒྲགས་གཏོང་བ།

གསར་འགོད་པ་དང་གཽརི་ལཀཾེཤ་མཆོག་གི་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཐོག་ཀརནཱཊཱཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སིཌཱརཱམཱཡིཡཱ་མཆོག་གིས་དམིགས་བསལ་དཔྱད་ཞིབ་ཀྱི་ཁྱབ་བསྒྲགས་གཏོང་གནང་བ་རེད་འདུག་   དེའང་འདས་གྲོངས་སུ་སོང་བའི་གསར་འགོད་པ་ནི་རེས་གཟའ་མིག་དམར་གྱི་མཚན་མོར་ཁོང་རང་གི་ཁྱིམ་དུ་མི་ངོས་བཟུང་མ་བྱེད་པའི་མི་ཞིག་གིས་མེ་མདའ་རྒྱབ་སྟེ་གསོད་ཡོད་པ་རེད།