དྲག་སྤྱོད་པའི་སྡེར་དངུལ་གཏོང་བྱས་པའི་གནད་དོན་ཐོག་རྒྱལ་ཡོངས་དཔྱད་ཞིབ་ལྷན་ཚོགས་ཀྱིས་ཇཱམུ་ཀཱཤྨིར་མངའ་སྡེ་དང་ལུང་པའི་རྒྱལ་ས་ས་ཁུལ་དུ་ས་ཆ་༡༠ ལ་འཚོལ་ཞིབ་བྱས་པ།

ཀཱཤྨིར་ལུང་གཤོངས་སུ་འཐབ་རྒོལ་དུ་མ་བྱེད་མཁན་གྱི་དྲག་སྤྱོད་པའི་སྡེར་དངུལ་གཏོང་བྱས་པའི་གནད་དོན་ཐོག་རྒྱལ་ཡོངས་དཔྱད་ཞིབ་ལྷན་ཚོགས་ཀྱིས་ཇཱམུ་ཀཱཤྨིར་མངའ་སྡེ་དང་ལུང་པའི་རྒྱལ་ས་ས་ཁུལ་དུ་ས་ཆ་༡༠ ལ་འཚོལ་ཞིབ་བྱས་ཡོད་པ་རེད་འདུག་   དེའང་དྲག་སྤྱོད་པའི་གནས་སྡོད་བྱས་སའི་ལྷོ་ཀཱཤྨིར་ས་ཁུལ་དུ་རྒྱལ་ཡོངས་དཔྱད་ཞིབ་ལྷན་ཚོགས་ཀྱིས་འཚོལ་ཞིབ་བྱས་པ་དེ་ཐེངས་དང་པོ་དེ་ཡིན་པ་རེད་འདུག།