སྭཱམི་ཝིཝེཀཱནཱནཌཱ་ཡི་ཆི་ཀ་གོ་ལ་བཀའ་སློབ་བསྩལ་བའི་ལོ་འཁོར་༡༢༥ ཡི་དུས་དྲན་ལ་ནུབ་བགཱཾལ་གཞུང་གིས་སྲིད་བློན་མཆོག་གི་བཀའ་སློབ་བརྙན་འཕྲིན་ཐོག་ཐད་སྲིང་དམ་བསྒྲགས་བྱས་པར་བི་ཇེ་པི་ཆབ་སྲིད་ཚོགས་པས་སྐྱོན་བརྗོད་བྱས་པ།

སྭཱམི་ཝིཝེཀཱནཱནཌཱ་ཡི་ཆི་ཀ་གོ་ལ་བཀའ་སློབ་བསྩལ་བའི་ལོ་འཁོར་༡༢༥ ཡི་དུས་དྲན་ལ་ནུབ་བགཱཾལ་གཞུང་གིས་སྲིད་བློན་ནཱརེནཌྲཱ་མོཌི་མཆོག་གི་བཀའ་སློབ་བརྙན་འཕྲིན་ཐོག་ཐད་སྲིང་དམ་བསྒྲགས་བྱས་པར་བི་ཇེ་པི་ཆབ་སྲིད་ཚོགས་པས་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག།
བི་ཇེ་པི་ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་ནཱལིན་ཀོལི་མཆོག་གིས་གསར་འགོད་པའི་སྡེ་ཞིག་ལ་དམང་གཙོའི་རྒྱལ་ཁབ་ཀྱི་ནང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྲིད་བློན་གིས་སློབ་ཕྲུག་རྣམས་སུ་བཀའ་སློབ་བསྩལ་བ་དེར་དམ་བསྒྲགས་བྱས་པ་ནི་སེམས་སྐྱོ་བའི་གནས་ཚུལ་དང་ཐབས་སྡུག་གི་གནས་ཚུལ་ཡིན་པའི་སྐོར་གསུངས་གནང་འདུག།