ཁྲིམས་ཁང་མཐོ་ཤོས་ཀྱིས་ཕྲུ་གུས་སློབ་གྲྭར་འགྲོ་ཆེད་དུ་ཀི་ལོ་མི་ཊར་༣ གོམ་པ་རྒྱག་པ་དེ་ཁས་ལེན་བྱས་མ་ཐུབ་པའི་སྐོར་གསུངས་གནང་བ།

ཁྲིམས་ཁང་མཐོ་ཤོས་ཀྱིས་ཕྲུ་གུས་སློབ་གྲྭར་འགྲོ་ཆེད་དུ་ཀི་ལོ་མི་ཊར་༣ གོམ་པ་རྒྱག་པ་དེ་ཁས་ལེན་བྱས་མ་ཐུབ་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག་   དེའང་ཁྲིམས་ཁང་མཐོ་ཤོས་ཀྱི་གསུང་དོན་དེ་ཀེརཱལཱ་མངའ་སྡེར་ཡོད་པའི་སློབ་གྲྭ་ཞིག་གི་གནད་དོན་དང་འབྲེལ་བའི་ཐོག་ཁྲིམས་ཐག་གཅོད་སྐབས་སུ་ཡིན་པ་རེད་འདུག་   ཀེརཱལཱ་ནི་རྒྱལ་ཁབ་ནང་དུ་འབྲི་ཀློག་ཤེས་ཡོན་བརྒྱ་ཆ་མང་ཤོས་ཀྱི་མངའ་སྡེ་དེ་ཡིན་པ་རེད་   དེ་མ་བཟད་ཁྲིམས་ཁང་མཐོ་ཤོས་ཀྱིས་ཕྲུ་གུ་རང་ལོ་༡༤ མ་ལོན་གྱི་བར་དུ་སློབ་སྦྱོང་བྱེད་རྒྱུ་ནི་རྩ་ཁྲིམས་ཀྱི་ནང་གསལ་ལྟར་གལ་ཆེའི་ཐོབ་ཐང་ཞིག་ཡིན་པ་དང་ཐོབ་ཐང་དེ་མིང་དོན་མཚུངས་པ་ཡོང་ཆེད་དུ་སློབ་ཕྲུག་ལོ་སྣ་༡༠ ནས་༡༤ དབར་གྱི་ཆེད་དུ་སློབ་གྲྭ་རྒྱབ་དགོས་པ་དང་སློབ་གྲྭར་འགྲོ་ཆེད་དུ་རྒྱང་ཐག་རིང་པོར་འགྲོ་མི་དགོས་པའི་གོ་སྐབས་བསྐྲུན་དགོས་པའི་སྐོར་ཡང་གསུངས་འདུག།