ནུབ་བགཾལ་མངའ་སྡེའི་རྒྱལ་ས་ཀོལཀཱཏཱ་ལ་མཚོ་དམག་གི་སྒར་དུ་ནེཏཱཇི་ཡི་འདྲ་སྐུ་ཞལ་དབྱེ་གནང་བ།

ཁས་ས་རེས་གཟའ་ཉི་མར་ནུབ་བགཾལ་མངའ་སྡེའི་རྒྱལ་ས་ཀོལཀཱཏཱ་ལ་མཚོ་དམག་གི་སྒར་ནེཏཱཇི་སུབྷཱས་ཞེས་པར་རྒྱ་གར་རང་བཙན་འཐབ་རྩོད་པ་སྙན་གྲགས་ཆེ་བའི་ནེཏཱཇི་སུབྷཱས་ཅཱནཌྲཱ་བོས་ཀྱི་འདྲ་སྐུ་ཕི་ཊི་༨ ཀྱི་མཐོ་ཚད་ལི་མའི་སྒྲུབ་པ་ཞིག་ཞལ་དབྱེ་གནང་ཡོད་པ་རེད་འདུག་   དེའང་འདྲ་སྐུ་དེ་ནི་ནེཏཱཇི་ཡི་ཉེ་དུའི་ཚ་མོ་ཀྲིཤནཱ་བོས་མཆོག་དང་ཤར་ཁུལ་གྱི་མཚོ་དམག་དཔོན་པོ་བིཤྚ་མཆོག་རྣམས་གཉིས་ཀྱིས་རི་བན་གཏུབ་པའུ་རྟེན་འབྲེལ་གྱིས་ཞལ་དབྱེ་གནང་ཡོད་པ་རེད་འདུག།