སྲིད་འཛིན་གཞོན་པ་སྐུ་ཞབས་ཝེནཀཱཡཱ་ནཻཌུ་མཆོག་གིས་རྒྱལ་ས་ལྡི་ལིར་ཀུམྦ་མེལཱ་ཡི་ཐོག་དངོས་བྱུང་གློག་བརྙན་ཞིག་འགྲེམ་སྤེལ་གནང་བ།

ཁས་ས་རེས་གཟའ་ཟླ་བར་སྲིད་འཛིན་གཞོན་པ་སྐུ་ཞབས་ཝེནཀཱཡཱ་ནཻཌུ་མཆོག་གིས་རྒྱལ་ས་ལྡི་ལིར་ཀུམྦ་མེལཱ་ཡི་ཐོག་དངོས་བྱུང་གློག་བརྙན་ཞིག་འགྲེམ་སྤེལ་གནང་ཡོད་པ་རེད་འདུག་   ཁོང་གིས་ཀུམྦ་མེལཱ་ཡིས་རྒྱ་གར་ལ་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་ས་ཆ་ཁྱད་པར་ཅན་ཞིག་ཏུ་འགྱུར་བ་དང་དུས་ཆེན་དེར་མིའི་ཆོས་ཕྱོགས་ཀྱི་འདུ་མཛོམས་ཆེན་པོ་ཞིག་ཡོང་གི་ཡོད་པའི་སྐོར་གསུངས་གནང་འདུག།
ད་དུང་སྲིད་འཛིན་གཞོན་པ་མཆོག་གིས་ཡུལ་མི་རྣམས་དེའང་དམིག་བསལ་གཞོན་པ་ཚོས་རྒྱ་གར་རིག་གཞུང་གི་གཞི་རྩ་དང་རྒྱལ་རབས་ངོ་འཕྲོད་པ་བྱེད་དགོས་པའི་སྐོར་ཡང་གསུངས་གནང་འདུག།