འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་ལ་རོ་ཧིན་རྒྱ་ཁ་ཆེ་དཀའ་རྙོག་ཐད་སྐྱོན་འཛུགས་གནང་བར་བློ་ཕམ་གནང་བ།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གྱིས་རོ་ཧིན་རྒྱ་ཁ་ཆེ་དཀའ་རྙོག་ཐད་རྒྱ་གར་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་མང་པོ་ཕྱིར་ལོགས་གནང་རྒྱུའི་ཐག་གཅོད་ལ་སྐྱོན་འཛུགས་གནང་བའི་ཉིན་གཅིག་རྗེས་རེསནགཟའ་མིག་མར་དུ་རྒྱ་གར་གྱི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གཏན་འཇག་སྐུ་ཚབ་སཨིདྷ་ཨཀ་བྷ་རུ་དྷིན་མཆོག་གིས་རོ་ཧིན་རྒྱ་སྐྱབས་བཅོལ་བ་ཐད་ལག་བསྟར་གནང་བའི་བཀའ་ཁྲིམས་དེར་བྱམས་སྙིང་རྗེ་བྲལ་བ་མ་བསམ་ཅིང་འཇིག་སྐྱུལ་རིང་ལུགས་ལྡོག་པའི་ཐབས་ལམ་དུ་ངོས་འཛིན་གནང་མི་ཐུབ་པར་སྐྱོན་འཛུགས་ལ་སེམས་ཚབ་བརྗོད་འདུག་ སྐུ་ཞབས་ཨཀ་བྷ་རུ་དྷིན་མཆོག་གིས་རྒྱ་གར་གཞུང་ནི་ཁྲིམས་འགལ་ཡུལ་སྤོ་མཁན་དམིགའ་བསལ་གྱི་ཉེན་སྲུང་གི་རྩོད་ལེན་ཡོངས་སྲིད་པའི་ཉེན་ཁ་བརྟེན་ལག་བསྟར་གནང་བ་ཡིན་པ་བརྗོད་འདུག་གོ་