རྒྱ་གར་གྱི་ནེ་པལ་སྐུ་ཚབ་དོན་གཅོད་ཀྱིས་ཁྲོམས་དོན་སྒར་ཚུགས་པ།

རྒྱ་གར་གྱི་ནེ་པལ་སྐུ་ཚབ་དོན་གཅོད་ཀྱིས་བྷ་རཧ་ཝ་དང་བུཏ་ཝལ་ བྷ་རཏ་པུར་གྲོང་འཁྱེར་བཅས་སུ་འདི་ཟླའི་ཚེས་༧ ནས་༡༠ བར་ཁྲིམས་དོན་སྒར་འགོ་སྒྲིག་གནང་འདུག་ ཁྲིམས་དོན་སྒར་དེ་དག་ཏུ་ས་གནས་དེ་དང་དེ་ཡི་ཉེ་ཁྱིམ་དུ་གནས་སྡོད་པའི་རྒྱ་གར་བ་༦༠༠ ལྷག་དེབ་སྐྱེལ་གནང་འདུག་ སྐབས་དེར་རྒྱ་གར་བ་རྣམས་ལ་ཁྲོམས་དོན་དང་འབྲེལ་བའི་གོ་རྟོགས་དང་སློབ་སྟོན་འདྲ་མིན་གནང་ཡོད་འདུག་ སྒར་དེ་དག་བྷ་རཧ་ཝཧ་ཚོང་ལས་སྡེབ་ཚོགས་དང་བུཏ་ཝལ་ཚོང་ལས་སྡེབ་ཚོང་དད་བྷ་རཏ་པུར་སྨན་གྱི་མཐོ་རིམས་སློབ་གྲ་བཅས་མཐུན་འགྱུར་མཉམ་ལས་ཐོག་གོ་སྒྲིག་གནང་ཡིན་འདུག་ ནེ་པལ་གྱི་རྒྱ་གར་མི་སེར་ཚོགས་པས་གཞུང་ཚབ་ཀྱི་མི་རྣམས་ལ་ཁྲིམས་དོན་སྒར་ལེགས་སྒྲུབ་བྱུང་བར་རོགས་རམ་གནང་ཡོད་ དེ་མཚུངས་ཀྱི་ཁྲིམས་དོན་སློབ་སྟོན་གྱི་སྒར་པོ་ཀོ་ར་གྲོང་འཁྱེར་དུ་འདི་ཟླའི་ཚེས་༡༦༡༧ བཅས་ཉིན་གཉིས་རིང་གོ་སྒྲིག་གནང་རྒྱུ་ཡིན་འདུག་གོ་