རྒྱ་གར་དང་བྷེ་ལ་ར་སན་གྱི་མཉམ་ལས་གོང་འཕེལ།

མ་དཔེ། སུ་ནིལ་གྷ་ཏྲ་དྷེ། ཆབ་སྲིད་འགྲེལ་བརྗོད་པ།

ཕྱོགས་གཉིས་པོའི་འབྲེལ་བ་ལ་འཕེལ་རྒྱས་ཡོང་ཆེད་རྒྱ་གར་དང་བྷ་ལ་རསི་གཉིས་ཀྱིས་མཉམ་ལས་ཀྱི་གཞི་རྒྱ་རྒྱ་བསྐྱེད་གཏོང་ཕྱིར་དོན་ཚན་བཅུ་ལྷག་གི་ཐོག་ཏུ་མཚན་རྟགས་བཀོད་ཡོད་པ་རེད། བྷེ་ལ་རསིའི་སྲིད་འཛིན་ཨལེཀ་ཛིན་ཊར་ལུ་ཀཱ་ཤན་ཀོ་མཆོག་གི་མཚམས་གཟིགས་མཇུག་བསྡོམས་བདེ་སྲུང་གི་སྡེ་ཚན་ཐོག་མཉམ་སྡེབ་ཀྱི་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུའི་ཐག་གཅོད་བྱ་རྒྱུར་གསལ་ཁ་འདོན་ཡོད་པ་རེད།

ལྡི་ལི་གསར་པས་དམིགས་ཡུལ་ལྡན་པའི་རྒྱ་གར་ནང་དུ་བཟོ་བ་ཞེས་པའི་ལས་འཆར་འགོ་ཚུགས་པའི་དུས་ཤིག་ན། ཨུ་རུ་སུ་མཉམ་སྦྲེལ་རྒྱལ་ཁབ་ནས་བྷེ་ལ་རསིའི་ཐོན་སྐྱེད་དང་བཟོ་སྐྲུན་ལ་རྒྱབ་རྟེན་བྱེད་པའི་དུས་རབས་དང་བསྟུན་བྷེ་ལ་རསི་དང་བདེ་སྲུང་མཉམ་ལས་ཀྱི་ཚད་གཞི་ལྡན་པ་ཞིག་ཤེས་རྟོགས་བྱུང་ཡོད་པ་རེད། གཞི་རྒྱ་ཆེ་བའི་བཀའ་མོལ་རྒྱུད་སྲིད་བློན་ན་རན་དྷ་ར་མོ་དྷི་མཆོག་དང་མཚམས་གཟིགས་པ་བྷེ་ལ་ར་སན་གྱི་སྲིད་འཛིན་ལུ་ཀཱ་ཤན་ཀོ་མཆོག་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་ཡར་ཐོན་ལ་དམིགས་ཡུལ་བཟུང་རྒྱུར་མོས་མཐུན་བྱས་པ་དང་དེ་ཡང་ཚོང་དོན་དང་མ་འཇོག་གི་ཚད་གཞིའི་འགྱུར་བ་ཆེན་པོ་ཡོང་རེ་བྱས་ཡོད།

སྐུ་ཞབས་མོ་དྷི་མཆོག་གིས་རྒྱ་ཆེ་ཞིང་འབྱུང་འགྱུར་ཡར་ཐོན་གྱི་སྐོར་ལ་བཀའ་མོལ་གནང་བ་དེར་བྷེ་ལ་ར་སན་གྱི་སྲིད་འཛིན་ངོས་ནས་ཀྱང་བསམ་ཐོག་རྟ་རྒྱུག་པ་ལྟར་རྒྱལ་ཁབ་གཉིས་མཉམ་ལས་བྱེད་ཆོག་ཆོག་ཡིན་པར་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁོང་གིས་རྒྱ་གར་དེ་སྣེ་མང་འཛམ་གླིང་ཁྲོད་སྟོབས་ཆེན་སྣེ་འཁྲིད་ཅིག་ཏུ་ཐོན་རྒྱུའི་འདུན་པ་ཡོད་པ་རེད། ༢༠༡༥ལོའི་ཟླ་༥པར་དེ་སྔོན་གྱི་རྒྱ་གར་སྲིད་འཛིན་པྲནབ་མུ་ཁར་ཇི་མཆོག་བྷེ་ལ་རསི་རུ་མཚམས་གཟིགས་ཕེབས་ཡོད་པ་དང་། རྒྱ་གར་དང་བྷེ་ལ་རསིའི་འབྲེལ་བ་དེ་ནི་སྲོལ་རྒྱུན་དང་མཛའ་མཐུན་ངང་འཆམ་གནས་ཐུབ་ཡོད་པ་ཞིག་ཡིན། རྒྱ་གར་ནི་ ༡༩༩༡ ལོར་བྷེ་ལ་རསི་དེ་ཨུ་རུ་སུ་མཉམ་སྦྲེལ་རྒྱལ་ཁབ་ནས་ཁ་བྲལ་རྗེས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་མཁན་ཐོག་མ་ཞིག་ཡིན་པ་རེད། ༡༩༩༢ལོར་མིན་སིཁ་ནང་རྒྱ་གར་གྱི་དམག་དོན་ཆེད་གཉེར་དོན་གཅོད་སྒོ་ཕྱེ་བ་དང་ལུགས་མཐུན་གྱི་དམག་དོན་འབྲེལ་ལམ་བཙུགས་ཡོད་པ་རེད། ༡༩༩༨ལོར་བྷེ་ལ་རསིའི་གཞུང་ཚབ་ཁང་དེ་ལྡི་ལི་གསར་པར་སྒོ་ཕྱེ་ཡོད་པ་རེད།

བྷེ་ལ་རསིའི་སྲིད་འཛིན་གྱིས་རྒྱ་གར་ལ་མཚམས་གཟིགས་ཕེབས་པ་ཐེངས་གསུམ་པ་འདི་ནི་རྒྱལ་ཁབ་གཉིས་བར་དམག་དོན་གྱི་འབྲེལ་བ་བྱུང་ནས་ལོ་༢༥འཁོར་བའི་དུས་སྟོན་ལ་སླེབས་ཡོད་པས་གལ་ཆེན་ཞིག་ཆགས་ཡོད་པ་དང་། མཚམས་གཟིགས་འདི་གསལ་སྟོན་ཆེད་སྲིད་བློན་མོ་དྷི་མཆོག་དང་སྲིད་འཛིན་ལུ་ཀ་ཤན་ཀོ་མཆོག་གཉིས་ཀྱིས་སྦྲགས་རྟགས་ཤིག་གསར་དུ་བཏོན་ཏེ་དུས་ཆེན་ལ་སྲུང་རྩི་ཞུས་ཡོད་པ་རེད།

གྲོས་མཐུན་དེས་ཕྱོགས་འདྲ་མིན་ཐོག་ཕྱོགས་གཉིས་ཐུན་མོང་གི་མཉམ་ལས་འཕེལ་རྒྱས་གཏོང་བར་བྱེད་རྒྱུ་ཡིན་པ་དང་། དེ་ཡང་སྣུམ་དང་རླངས་རྫས། ཞིང་ལས། ཚན་རིག བཟོ་སྐྲུན། ཤེས་ཡོན་དང་དེ་བཞིན་རྩེད་རིགས་སོགས་ཚུད་ཡོད་པ་རེད། ཕྱོགས་གཉིས་ཀས་རྒྱ་གར་དུ་བཟོ་བ་ཞེས་པའི་སྣེ་ཁྲིད་འོག་མཉམ་སྡེབ་ཀྱི་ཐོན་སྐྱེད་གོང་འཕེལ་ལ་སེམས་ཤུགས་འཕར་མ་ཞིག་སྤྲོད་རྒྱུའི་ཁ་མཐུན་བྱུང་ཡོད་པ་རེད།

སྐུ་ཞབས་ལུ་ཀ་ཤན་ཀོ་མཆོག་གིས་བྷེ་ལ་རསིར་མ་འཇོག་བྱེད་མཁན་རྒྱ་གར་མ་འཇོག་མཁན་ལ་དགའ་བསུ་ཡོད་པ་དང་། ཁོ་ཚོར་ཚོང་རྒྱག་ཆེད་ཆེས་འོས་འཚམས་དང་ཆེས་ཕུལ་བྱུང་གི་ཆ་རྐྱེན་སྤྲོད་རྒྱུ་ཡིན་པའི་ཁས་ལེན་དམ་འཇའ་བཞག་ཡོད་པ་རེད། རྒྱ་གར་ནི་བྷེ་ལ་རསི་གཉིས་ཡོ་རོབ་ཨེ་ཤེ་ཡའི་མཉམ་སྦྲེལ་(EEU)དང་། དེ་བཞིན་བྱང་ལྷོ་སྐྱེལ་འདྲེན་ལམ་བུ་(NSTC)སོགས་དཔལ་འབྱོར་ལས་འཆར་གཙོས་ཕྱོགས་མང་པོའི་སྒོ་ནས་སྦྲེལ་བསྡད་ཡོད་པ་རེད། རྒྱ་གར་གྱིས་EEUདང་རང་དབང་གི་ཚོང་འབྲེལ་ཐོག་ཞི་མོལ་བྱེད་བཞིན་པ་དང་། བྷེ་ལ་རསི་ནི་ཨི་ཨི་ཡུ་ཡི་ཚོགས་མི་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་པ་དང། དེ་ནི་དབུས་ཨེ་ཤེ་ཡའི་ནང་ཤུགས་རྐྱེན་ཆེ་བ་ཞིག་ཡིན་པ་རེད། ༢༠༡༦ལོའི་རྒྱ་གར་དང་བྷེ་ལ་ར་སི་ཕྱོགས་གཉིས་ཐུན་མོང་གི་ཚོང་འབྲེལ་གཞི་རྒྱ་དེ་ཧ་ལམ་ཨ་སྒོར་ས་ཡ་༤༠༢ཙམ་ཡིན་པ་དང་། སྨན་སྦྱོར་དང་སྣུམ་སོགས་སྡེ་ཚན་མང་པོའི་ནང་ཚོང་གཡུགས་པ་དང་མ་འཇོག་གི་གོ་སྐབས་ཡོད་པ་རེད།

དཔལ་འབྱོར་གྱི་འབྲེལ་ལམ་ལ་གོང་འཕེལ་གཏོང་ཆེད་རྒྱ་གར་སྲིད་བློན་གྱིས་དབང་ཚད་ལྡན་པའི་ངང་ཕྱོགས་གཉིས་ཀའི་བཟོ་གྲྭར་ཚོང་མཁན་དང་ཉོ་མཁན་གྱི་སྒྲོམ་གཞི་ཙམ་ལས་མིན་པར་དེ་ལས་ལྷག་པའི་མཉམ་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ནན་སྐུལ་གནང་ཡོད་པ་རེད། རྒྱལ་ཁབ་གཉིས་ཀའི་བར་གྱི་ཁ་སྐོང་རང་བཞིན་དགོས་རྒྱུ་ནི་གལ་ཆེའི་དགོས་གནད་ཅིག་ཡིན་པ་རེད།

ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་དབུ་ཁྲིད་རྣམ་གཉིས་བློ་ཉེ་བའི་ངང་ཕྱོགས་གཉིས་ཀའི་ཁེ་ཕན་ཆེད་ཕྱོགས་མང་པོའི་བརྒྱུད་ལམ་ཐད་མཉམ་ལས་བྱེད་རྒྱུར་ཁས་ལེན་གནང་ཡོད་པ་རེད། རྒྱལ་སྤྱི་དང་རྒྱལ་ནང་དང་ཕྱོགས་མང་པོའི་གནད་དོན་ཐད་རྒྱལ་ཁབ་གཉིས་བར་གྱི་བསམ་ཤེས་དང་མཉམ་ལས་ཡག་པོ་ཡོད་པ་རེད། བྷེ་ལ་རསིས་རྒྱ་གར་དེ་མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་སྲུང་ལྷན་ཁང་(UNDC)ནང་གཏན་འཇགས་ཚོགས་མིར་ཞུགས་རྒྱུར་རྒྱབ་སྐྱོར་ཡོད་པ་དང་། ༢༠༡༡-༡༢ལོར་བྷེ་ལ་རསིས་རྒྱ་གར་དེ་(UNSC)གྱི་གཏན་འཇགས་མིན་པའི་ཚོགས་མིར་རྒྱབ་སྐྱོར་བྱས་ཡོད། དེ་བཞིན་བྷེ་ལ་ར་སིས་རྒྱ་གར་དེ་རྡུལ་ཕྲན་མཁོ་འདོན་ཚོགས་པར་ཡང་རྒྱབ་སྐྱོར་བྱས་ཡོད་པ་དང་། དེ་བཞིན་རྒྱལ་སྤྱི་དང་ཕྱོགས་མང་པོའི་ཚོགས་འདུ་IPUསོགས་ཀྱི་ཚོགས་མིར་ཞུགས་རྒྱུའི་རྒྱབ་སྐྱོར་ཡོད་པ་དང་དེ་ནི་མིནསིཁ་ངོས་ནས་ཡིད་འཚིམ་པ་ཞིག་ཡིན།

ཇི་ནེ་ཝ་དང་ནེའུ་ཡོག་ཏུ་བྷེ་ལ་ར་སིར་དམིགས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་གང་བསམ་པ་བཞིན་ཤོད་མི་ཆོག་པའི་དམ་བསྒྲགས་བྱེད་ཀྱི་ཡོད་པ་སོགས་ཀྱི་གྲོས་ཆོད་འདྲ་མིན་བཏོན་པའི་ཐོག་རྒྱ་གར་གྱིས་རྒྱབ་སྐྱོར་གྱི་རྐང་པ་བརྟན་པོ་བཙུགས་ཡོད་དེར་བྷེ་ལ་རསི་ངོས་ནས་ཡི་རངས་ཡོད་པ་དང་། བྷེ་ལ་རསིས་རྒྱ་གར་དེ་འཛམ་གླིང་སྟོབས་ཤུགས་འཕེལ་རྒྱས་འགྲོ་མུས་ཤིག་ཏུ་ངོས་འཛིན་དང་དམག་དོན་གྱི་འབྲེལ་བ་འཛུགས་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ནི་ད་ལྟ་མཇུག་སྒྲིལ་མ་ཐག་པའི་བྷེ་ལ་ར་སན་སྲིད་འཛིན་གྱི་མཚམས་གཟིགས་འདི་ནས་ཀྱང་མཚོན་ཐུབ་པ་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་དེ་མགྱོགས་པའི་ལམ་ཐོག་ཏུ་དྲངས་རྒྱུའི་འབད་བརྩོན་བྱས་པ་དེ་ནི་རྒྱལ་ཁབ་གཉིས་ཀར་རྒྱལ་ཁ་གཅིག་པ་ཐོབ་པའི་ཆེད་དུ་ཡིན་པ་རེད།