རྒྱ་གར་བུད་མེད་ཧོཀ་ཀི་རུ་ཁག་གིས་བེལ་ཇི་ཡམ་རུ་ཁག་མཉམ་༢-༢ བཅས་རྒྱལ་མེད་ཕམ་མེད་རྩེད་པ།

དེ་ཡང་བེལ་ཇིཡམ་གྱི་ཨེནཏ་རེཔ་གྲོང་འཁྱེར་དུ་རྒྱ་གར་རྒྱལ་ཡོངས་བུད་མེད་ཧོཀ་ཀི་རུ་ཁག་གིས་བེལ་ཇི་ཡམ་རུ་ཁག་མཉམ་༢ བཅས་རྒྱལ་མེད་ཕམ་མེད་རྩེད་ཟིན་འདུག་ རྒྱ་གར་གྱི་རུ་ཁག་གི་ནི་ཀི་པར་དྷན་དང་ཝན་དྷ་ན་ཀ་ཏི་རི་ཡས་གོལ་རེ་རེ་བླུག་འདུག་ རེས་གཟའ་འཕུར་བུར་རྒྱ་གར་གྱི་རུ་ཁག་དྲེན་བོལ་རུ་ཁག་ལྷན་དུ་རྩེད་འགྲན་གསུམ་རྩེད་རྒྱུ་ཡིན་འདུག་གོ་