སུཤམཱ་སྭཱརཱཇ་མཆོག་གིས་ཡི་ཤུའི་བླ་མ་ཊོམ་ཨུཛུནྣཱལིལ་མཆོག་ཝེཊིཀེན་རྒྱལ་སར་འབྱོར་ཡོད་པའི་སྐོར་གསུངས་གནང་བ།

རྒྱ་གར་ཕྱི་སྲིད་བློན་ཆེན་སུཤམཱ་སྭཱརཱཇ་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭིཊཱར་ཐོག་ཡི་ཤུའི་བླ་མ་ཊོམ་ཨུཛུནྣཱལིལ་མཆོག་དྲག་སྤྱོད་པའི་སྡེ་ཁ་ཆེའི་མངའ་སྡེ་ཞེས་པས་འཛིན་བཟུང་བྱས་པས་རྗེས་སུ་ཁས་ས་དྲག་སྤྱོད་པ་ནས་ཅིང་གྲོལ་གཏོང་བའི་རྗེས་སུ་ཁས་ས་ཝེཊིཀེན་རྒྱལ་སར་འབྱོར་ཡོད་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།

ཡི་ཤུའི་བླ་མ་ཊོམ་ཨུཛུནྣཱལིལ་མཆོག་ནི་རྒྱ་གར་གྱི་མངའ་སྡེ་ཀེརཱལཱ་ནས་ཡིན་པ་རེད་འདུག།