སྔོན་རྩིས་རྒྱས་བཅད་ལྷན་ཚོགས་ཀྱིས་ཨ་རི་གཞུང་གིས་པ་ཀིས་ཏན་ལ་དཔུང་དམག་དད་དཔལ་སྦྱོར་གྱི་རོགསརམ་གནང་བར་ཆ་རྐྱེན་གནས་སྟངས་ཁག་པོ་བཟོས་པ།

ཨ་རི་ཡི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྔོན་རྩིས་རྒྱས་བཅད་ལྷན་ཚོགས་ཀྱིས་ཨ་རི་གཞུང་གིས་པ་ཀིས་ཏན་ལ་དཔུང་དམག་དད་དཔལ་སྦྱོར་གྱི་རོགསརམ་གནང་བར་ཆ་རྐྱེན་གནས་སྟངས་ཁག་པོ་བཟོས་ཡིན་འདུག་ སྔོན་རྩིས་རྒྱས་བཅད་ལྷན་ཚོགས་ཀྱིས་འཇིག་སྐྱུལ་རིང་ལུགས་པའི་ཁ་གཏད་དུ་རྒོལ་འཛིང་གི་ལས་འགུལ་ལ་མུ་མཐུད་རོགས་རམ་གནང་བར་ཆ་རྐྱེན་ཚད་གཞི་ལོང་དགོས་པ་བརྗོད་འདུག་ ཕྱི་ལོ་༢༠༡༨ ལོའི་སྔོན་བརྩི་ཁྲིམས་འཆར་འགྲེལ་བརྗོད་སྐབས་པ་ཀིས་ཏན་ས་ཁུལ་དུ་ཨ་རི་ཡིས་འཇིག་སྐྱུལ་རིང་ལུགས་ལྡོག་ཐབས་ལྟ་བུའི་དམག་དོན་བསྒྲུབ་བྱ་ཐད་པ་ཀིས་ཏན་གྱི་ཁས་ལེན་དམ་བཅའ་ལ་སེམས་ཚབ་བརྗོད་འདུག་གོ་