སྲིད་བློན་མོ་དྷི་མཆོག་གིས་བློན་ཆེན་ལྷན་ཚོགས་ལ་རྒྱ་གར་གཙང་བཟོ་ཡི་ལས་འཆར་ལེགས་པར་བཟོས་པར་འབོད་པ།

དེ་ཡང་རེས་གཟའ་ལྷག་པར་སྲིད་བློན་མོ་དྷི་མཆོག་གིས་བློན་ཆེན་ལྷན་ཚོགས་ལ་འདི་ཟླའི་ཚེས་༡༥ ནས་རྒྱ་གར་རྒྱལ་ཡོངས་སུ་ལག་བསྟར་གནང་རྒྱུའི་རྒྱ་གར་གཙང་བཟོ་ཡི་ལས་འཆར་ལེགས་པར་བཟོས་པར་འབོད་འདུག་ འདི་ཟླའི་ཚེས་༡༥ ནས་ཟླ་བ་༡༠ པའི་ཚེས་༢ གཉིས་རྒྱ་གར་གཙང་བཟོ་ཡི་ལས་འཆར་འགོ་འཛུགའ་གནང་ནས་ལོ་གསུམ་འཁོར་བའི་དུས་སྟོན་སྲུང་བརྩི་དང་སྟབས་སྟུན་མི་མང་ཡོངས་ཀྱི་བསམ་བློ་གཙང་བཟོ་ཡི་ལས་འགན་བླུགས་སླད་དུ་ཡིན་འདུག་  རྒྱ་གར་གཙང་བཟོ་ཡི་ལས་འཆར་སྲུང་བརྩི་དང་སྟབས་སྟུན་རྒྱ་གར་གྱི་རྐང་སྤོལ་དང་ཀི་རི་ཀེཊ་ ཧོཀ་ཀི་ལ་སོགས་རྩེད་འགྲན་རུ་ཁག་འདྲ་མིན་ལ་དབུལ་གྲོང་ཞིག་གཙང་བཟོ་གནང་བར འབོད་སྐྱུལ་ཞུ་རྒྱུ་ཡིན་འདུག་གོ་