སྲིད་བློན་མོ་དྷི་མཆོག་དེ་རིང་ཨེ་ཧེམ་དྷ་བཏ་གྲོང་འཁྱེར་དུ་ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨེབ་མཆོག་མགྲོན་བསུར་ཕེབས་པ།

སྲིད་བློན་མོ་དྷི་མཆོག་དེ་རིང་གུ་ཇ་རཏ་མངའ་སྡེ་ཡི་ཨེ་ཧེམ་དྷ་བཏ་གྲོང་འཁྱེར་དུ་ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨེབ་མཆོག་མགྲོན་བསུ་སྣེ་ལེན་ཞུ་བར་ཕེབས་རྒྱུ་ཡིན་འདུག་ སྲིད་བློན་ཨེབ་མཆོག་རྒྱ་གར་དུ་ཉིན་གཉིས་རིང་རྒྱ་གར་ཉེ་ཧོང་གི་ལོ་ལྟར་ཆེས་མཐོའི་ལྷན་ཚོགས་སུ་མཉམ་བཞུགས་གནང་བར་ཕེབས་རྒྱུ་ཡིན་འདུག་ ད་ལན་གྱི་རྒྱ་གར་ཉེ་ཧོང་གི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༢ པ་དེ་རེས་གཟའ་འཕུར་བུར་གན་དྷི་ན་གར་གྱི་མ་ཧཏ་མ་དགོན་པར་གོ་སྒྲིག་གནང་རྒྱུ་ཡིན་འདུག་ སྲིད་བློན་མོ་དྷི་དང་སྲིད་བློན་ཨེབ་ཆེད་ད་ལན་གྱི་ཆེས་མཐོའི་ལྷན་ཚོགས་ཐེངས་༤  ཡིན་འདུག་ དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱ་གར་དང་ཉེ་ཧོང་བར་དམིགས་བསལ་དམག་དོན་དང་རྒྱལ་སྤྱིའི་འབྲེལ་ལམ་འོག་རྒྱལ་ཕྱོགས་གཉིས་བར་གྱི་ཉེ་ཆར་མཉམ་ལས་ཀྱི་ལས་གཞི་ཁག་གི་མདུན་སྐྱོད་ཐད་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག་གོ་