་ལི་མ་ཡ་ཀོབ་མཆོག་སིང་ག་པུར་གྱི་བུད་མེད་སྲིད་འཛིན་ཐོག་མ་ཆག་པ།

རེས་གཟའ་ལྷག་པར་ལྕམ་ཧ་ལི་མ་ཡ་ཀོབ་མཆོག་གིས་སྲིད་འཛིན་འོས་མི་དེབ་སྐྱེལ་གྱི་ཡིག་ཆ་ར་སྤྲོད་བྱུང་རྗེས་སིང་ག་པུར་གྱི་བུད་མེད་སྲིད་འཛིན་ཐོག་མ་འགྱུར་བ་གསལ་བསྒྲགས་གནང་འདུག་ སྐུ་མོ་ནི་སིང་ག་པུར་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་ཐོག་མ་འགྱུར་བ་དང་ལལ་༤༧ ནང་མ་ལེ་མངའ་སྡེ་ཡི་སྤྱི་ཁྱབ་འགོ་འཛིན་ཐོག་མ་ཡིན་འདུག་ སིང་ག་པུར་གྱི་སྲིད་བློན་ཡིག་ཚང་གིས་གསལ་བསྒྲགས་བཞིན་ལྕམ་ཧ་ལི་མ་མཆོག་ཨིས་ཏ་ན་གྲོང་འཁྱེར་དུ་རྒྱལ་ཁབ་ཀྱི་སྲིད་འཛིན་བརྒྱད་པའི་འགན་འཁུར་དམ་བཅའ་བཞེས་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག་གོ་