པུནཅ་ས་ཁུལ་དུ་པ་ཀིས་ཏན་དམག་མི་ཡིས་མེ་མདའ་རྒྱག་མི་ཆོག་པའི་གྲོས་མཐུན་ལས་འགལ་སྟེ་རྒྱ་གར་གྱི་ས་མཚམས་ཉེན་སྲུང་དམག་མི་གཉིས་གཙོས་པའི་མི་ལྔ་ནད་པ་བཟོས་པ།

དེ་ཡང་རྒྱ་གར་གྱི་ཇ་མུ་ཀཤ་མིར་མངའ་སྡེ་ཡི་པུནཅ་དང་ཇ་མུ་རྫོང་གི་པ་ཀིས་ཏན་དང་རྒྱ་གར་ས་མཚམས་སུ་པ་ཀིས་ཏན་དམག་མི་ཡིས་མེ་མདའ་རྒྱག་མི་ཆོག་པའི་གྲོས་མཐུན་ལས་འགལ་སྟེ་མེ་མདའ་རྒྱག་འདུག་  རེས་གཟའ་ལྷག་པའི་དགོང་མོར་འགོ་ཚུགས་པའི་མེ་མདའ་རྒྱག་པའི་རྐྱེན་ངན་ལས་རྒྱ་གར་གྱི་ས་མཚམས་ཉེན་སྲུང་དམག་མི་གཉིས་གཙོས་པའི་མི་ལྔ་ལ་སྨས་སྐྱོན་བྱུང་འདུག་ རྒྱ་གར་དམག་མི་ཡིས་ཡ་ལན་དུ་མེ་མདའ་དྲག་ཆེན་རྒྱག་ཡོད་འདུག་ ད་ལན་གྱི་དྲག་སྤྱོད་དེ་པ་ཀིས་ཏན་དམག་མི་ཡིས་མེ་མདའ་རྒྱག་མི་ཆོག་པའི་གྲོས་མཐུན་འགལ་བ་ཐེངས་བཞི་པ་ཡིན་འདུག་གོ་