འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་མན་མར་གྱི་ར་ཀིན་ཧི་མངའ་སྡེར་འགྲོ་བཞིན་པའི་དྲག་སྤྱོད་ཀྱི་གནས་སྟངས་ཐད་སེམས་ཚབ་བརྗོད་པ།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གཏམ་བཤད་དཧ་མན་མར་གྱི་ར་ཀིན་ཧི་མངའ་སྡེར་ཇེ་མང་དུ་འགྲོ་བཞིན་པའི་དྲག་སྤྱོད་ཀྱི་གནས་སྟངས་ཐད་སེམས་ཚབ་བརྗོད་དེ་མྱུར་དུ་དཀའ་རྙོག་དེ་དག་བསལ་བར་འབོད་འདུག་ ཚོགས་རྒྱལ་༡༥ ལྡན་པའི་ལྷན་ཚོགས་ཀྱིས་དྲག་སྤྱོད་ཀྱི་གནས་སྟངས་ཇེ་ཉུང་དུ་བཏང་བ་དང་གཅིག་ ཁྲིམས་དང་བཀའ་བསྐྱར་གསོ་གནང་བ་དང་གཉིས་ ས་གནས་མི་སེར་རྣམས་ཉེན་ཁ་ལས་སྐྱབ་པ་དད་གསུམ་བཅའ་ལམ་གསུམ་གྱི་ཐོག་དཀའ་རྙོག་བསལ་བར་འབོད་འདུག་ འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནི་ཡོ་གུ་ཏ་རོས་མཆོག་གིས་རོ་ཧིན་རྒྱ་ཁ་ཆེ་མི་མང་སྒང་དམག་མི་ཡི་རྒོལ་འཛིང་བཀག་སྟེ་དྲག་སྤྱོད་མཚམས་འཇོག་གནང་བར་འབོད་འདུག་ ལྷག་པར་གཞུང་གི་ཁྲིམས་དང་བསྟང་འཛིན་བསྐྱར་གསོ་གནང་སྟེ་རྒྷལ་གཞན་དུ་བྲོས་པའི་མི་མང་རྣམས་རང་རྒྱལ་དུ་ལོག་ཐུབ་པ་བཟོས་པར་འབོད་འདུག་གོ་