ཡོ་རོབ་གྲོས་ཚོགས་ཀྱིས་མ་ཡན་མར་དང་བང་ལ་དྷེཤ་རུ་མྱོང་བཞིན་པའི་རོ་ཧིན་རྒྱ་སྐྱབས་བཅོལ་བའི་དཀའ་ངལ་བསལ་ཐབས་སུ་ཡོ་རོ་འཕར་མ་ས་ཡ་༣ རོགས་སྐྱོར་ཞལ་འདེབས་གནང་བ།

ཡོ་རོབ་གྲོས་ཚོགས་ཀྱིས་མ་ཡན་མར་དང་བང་ལ་དྷེཤ་རུ་མྱོང་བཞིན་པའི་རོ་ཧིན་རྒྱ་སྐྱབས་བཅོལ་བའི་དཀའ་ངལ་བསལ་ཐབས་སུ་ཡོ་རོ་འཕར་མ་ས་ཡ་༣ རོགས་སྐྱོར་ཞལ་འདེབས་གནང་འདུག་ རོགས་སྐྱོར་ཐག་གཅོད་ཀྱི་གསར་འགོད་གསལ་བསྒྲགས་སྐབས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་རོགས་སྐྱོར་ལྷན་ཁང་གི་འགན་འཛིན་ཀིརིས་ཊོས་སཀྲཨི་ལིཨ་ནི་གྲེས་མཆོག་གིས་སྔར་འདི་ལོའི་ཕྱི་ཟླ་༥ པར་ཁོ་བོ་ར་ཀིན་སྣེ་མངའ་སྡེ་ཕེབས་སྐབས་ཡོ་རོ་ས་ཡ་༡༢ རོགས་སྐྱོར་སྒང་དེ་རིང་ཡོ་རོ་འཕར་མ་ས་ཡ་༣ ཀྱི་རོགས་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག་ བང་ལ་དེཤ་རུ་ཉིན་རེ་བཞིན་རོ་ཧིན་རྒྱ་སྐྱབས་བཅོལ་བ་ཇེ་མང་དུ་ཕྱིན་བཞིན་ཡོད་སྐབས་རོགས་སྐྱོར་འཕར་མ་དེ་ཡིས་སྐྱབས་བཅོལ་བ་རྣམས་ལ་ཛ་དྲག་གི་བཟས་ཆུ་སྐྱབས་གནས་དང་སྨན་བཅོས་ཀྱི་རོགས་སྐྱོར་གནང་བའི་ཕན་ཡོན་ཡོད་པ་བརྗོད་འདུག་གོ་