རྒྱ་གར་གྱིས་འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་སྤྱིའི་མཉམ་སྦྲེལ་སྤྱི་ཁྱབ་ལ་བརྡ་ལན་ཕྱིར་སྤྲོད།

མ་དཔེ། ཡོ་གྷེཤ་སཱུཏ། གསར་འགོད་པ།

མཉམ་སྦྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཛཡིཌ་རཱཌི་ཨལ་ཧ་སན་གྱིས་འབར་མས་རོ་ཧིང་རྒྱ་མི་རིགས་ཀྱི་ཁ་གཏད་མི་རིགས་གཙང་བཟོའི་ཀློག་དེབ་དཔེ་མཚོན་དུ་འདོན་པར་ཉེས་འཛུགས་གནང་བ་དང་། མ་ཟད་ཁོང་གིས་ལྡི་ལི་གསར་པར་ཡང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་ཚོགས་པའི་ཚོགས་མི་ཕྱིར་འབུད་བཏང་བར་སྐྱོན་བརྗོད་གནང་ཡོད་པ་རེད། རྒྱ་གར་གྱིས་ཁོང་གི་སྐྱོན་བརྗོད་ལ་དགག་ལན་ནན་པོ་སྤྲད་ཡོད་པ་རེད།

༡༩༨༢ལོ་ནས་སྟོབས་ཆེའི་རོ་ཧིང་རྒྱའི་ཚོགས་སྡེའི་མི་ས་ཡ་གཅིག་ཙམ་ལ་སྡུག་སྦྱོང་བཏང་བ་དང་ཁོ་ཚོ་ནི་ལོ་རབས་མང་པོའི་རིང་འབར་མར་འཚོ་ཞིང་བསྡད་ཡོད་ཀྱང་མངའ་སྡེ་མེད་པའི་ཚོགས་པར་ངོས་འཛིན་བྱས་ཡོད་པ་རེད། འབར་མ་དེ་ནི་ནང་པ་ཕལ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཚོགས་པ་དེ་བྷང་ག་ལའི་རིགས་སུ་རྩིས་ཏེ་ཁོ་ཚོ་ནི་བྷངྒ་ལ་དྷེ་ཤེའི་མི་ཡིན་པར་ཤོད་བཞིན་ཡོད། རོ་ཧིང་རྒྱ་ཚོགས་པ་དེ་ནི་འཛམ་གླིང་ནང་གི་མངའ་སྡེ་མེད་པའི་མི་རིགས་ཀྱི་ཚོགས་སྡེ་ཆེ་ཤོས་ཤིག་ཡིན་པ་དང་། འབར་མའི་གཞུང་ནས་ཁོ་ཚོ་ནི་འབར་མའི་མི་སེར་དུ་མི་རྩི་བས་དེའེ་རྐྱེན་གྱིས་ལུགས་མཐུན་སྡང་འཛིན་བྱེད་པ་རེད། ཁོ་ཚོའི་ཐོག་ལ་དམ་བསྒྲགས་རིགས་ཧ་ཅང་མང་བ་དང་། ཁོ་ཚོའི་ལས་འགུལ་དང་། དཔལ་འབྱོར་གྱི་བྱ་སྤྱོད། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱིས་ཁོ་ཚོ་ནམ་ཡང་དབུལ་ཞིང་ཕོངས་པར་ལུས་ཡོད་པ་རེད།

ར་ཁི་ནེ་རུ་ཡོད་པའི་རོ་ཧིང་རྒྱའི་དམག་དཔུང་ལ་དམག་འཐབ་སྐབས་རོ་ཧིང་རྒྱའི་མི་༤༠༠ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། ས་ཆ་དེ་ནི་འབར་མའི་ཤར་ངོས་མཚོ་ངོགས་དང་བྷངྒ་ལ་དྷེ་ཤེའི་ལྷོ་ཕྱོགས་སུ་ཡོད་པ་རེད། འབར་མའི་དམག་མིས་དེ་ནི་རོ་ཧིང་རྒྱ་ཚོགས་པའི་ནང་དུ་ཡོད་པའི་འཇིགས་སྐུལ་བར་རྒོལ་རྡུང་བྱས་པ་ཞིག་ཡིན་པར་བརྗོད་པ་དང། འདས་པའི་གཟའ་འཁོར་གོང་མར་ཧ་ལམ་རོ་ཧིང་རྒྱ་མི་གྲངས་༣༠,༠༠༠ཙམ་བྷངྒ་ལ་དྷེ་ཤེའི་ནང་དུ་འཛུལ་ཡོད་པ་དང་ཁུལ་དེར་ཚོད་དཔག་བྱས་ན་སྔ་ས་ན་རོ་ཧིང་རྒྱའི་སྐྱབས་བཅོལ་བ་མི་གྲངས་༤༠༠,༠༠༠ཙམ་ཡོད་པ་དྷཱ་ཁའི་ངོས་ནས་བརྗོད་པ་རེད། རྒྱ་གར་ནང་དུ་རོབ་རྩིས་བྱས་ན་རོ་ཧིང་རྒྱ་སྐྱབས་བཅོལ་བ་༤༠,༠༠༠ཙམ་ཡོད་པ་དང་དེ་དག་ལས་མི་གྲངས་༡༦,༠༠༠ཙམ་ལ་སྐྱབས་བཅོལ་བའི་ཡིག་ཆ་རག་ཡོད་པ་རེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་ནས་དེ་ནི་གྲངས་ཉུང་མི་རིགས་ལ་འཚེ་བ་བྱེད་པ་ཞིག་དང་དེ་ནི་ར་ཁི་ནེའི་ནུབ་རྒྱུད་དུ་གྱེན་ལངས་ཡོང་བའི་གྲ་མ་ལྟ་བུ་ཞིག་ཆགས་རྒྱུའི་ཚོར་བ་བྱུང་ཡོད་པ་རེད།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་སྤྱི་ཁྱབ་པས་སྐྱབས་བཅོལ་བའི་ཆེད་དུ་རྟོགས་ཞིབ་བྱས་པ་ཁག་ཅིག་ལ་རྒྱ་གར་མགོ་འཐོམས་ཡོད་པ་དང་། མཉམ་སྦྲེལ་རྒྱལ་ཁབ་ནང་རྒྱ་གར་གྱི་གཏན་འཇགས་འཐུས་མིས་གསུངས་རྒྱུར་འོས་འདེམས་ཀྱི་གཞི་རྩའི་ཐོག་ཐག་གཅོད་བྱས་པ་དེ་ནི་སྙན་ཐོ་ཏག་ཏག་སྡོད་མིན་ལ་མ་ལྟོས་པར་འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་དེ་དེ་ལས་ལྷག་པ་སྤྱི་ཚོགས་གང་འདྲ་ཞིག་ཏུའང་མེད་པ་རེད།

རྒྱ་གར་གྱིས་ཚུལ་མིན་གྱི་གནས་སྤོས་བྱས་པར་དོ་སྣང་བྱེད་པ་དང་། དམིགས་བསལ་ཁོ་ཚོས་བདེ་སྲུང་གི་གནས་བཅས་ཡོང་སྲིད་པ་དང་། ཁྲིམས་ཐོག་ནས་སྙིང་རྗེ་མེད་པའི་ནོར་འཁྲུལ་ཤོར་མི་རུང་བའི་སྐུལ་མ་བྱས་པ་ཞིག་ཡིན།

རྒྱ་གར་གྱིས་སྔོན་ནས་རོ་ཧིང་རྒྱའི་སྐྱབས་བྱོལ་བ་ཕྱིར་བྱོལ་དང་ར་ཁི་ནེའི་གནས་སྟངས་ཐོག་ལ་དོ་འཁུར་ཟབ་པོ་བྱེད་ཀྱི་ཡོད་པར་བརྗོད་པ་དང་། ལྡི་ལི་གསར་པས་ནཡི་པཡི་ཏོའོ་ལ་ར་ཁི་ནེའི་མི་སེར་གྱི་གྲངས་འབོར་ཐོག་བདེ་འཇགས་དོ་སྣང་བྱེེད་དགོས་པར་ནན་བཤད་དང་། འབར་མའི་བདེ་སྲུང་གི་དམག་མི་ཁ་སྣོན་བྱས་ན། མགྱོགས་མྱུར་འཚེ་བ་མཇུག་སྒྲིལ་ཞིང་རྒྱུན་གཏན་བཞིན་དུ་མངའ་སྡེ་བསྐྱར་བཅོས་ཡོང་རྒྱུའི་སྐུལ་མ་བྱས་པ་ཡིན།

འབར་མའི་རྙོག་དྲ་ཡོད་པའི་མངའ་སྡེ་ར་ཁི་ནེའི་འཚེ་བའི་རིགས་དེ་དག་ལ་མཚམས་འཇོག་དགོས་པ་དང་། རོ་ཧིང་རྒྱའི་སྐྱབས་བཅོལ་གྱི་རྩོད་རྙོག་དེར་སྤྱི་ཡོངས་ཀྱི་སྟངས་འཛིན་བྱེད་དགོས་པ་དང་། ཕྱི་འབྲེལ་ལྷན་ཁང་གི་གྲོས་ཆོད་ནང་འབར་མའི་ར་ཁི་ནེའི་གནས་སྟངས་དང་ཁུལ་དེའི་སྐྱབས་བྱོལ་བའི་ཐོག་ལ་རྒྱ་གར་གྱི་ངོས་ནས་སེམས་ཁུར་ཟབ་པོ་བྱེད་རྒྱུ་ཡིན་པ་དང་། ལྡི་ལི་གསར་པས་སྔ་ས་ནས་ར་ཁི་ནེའི་ནང་གི་འབར་མའི་བདེ་སྲུང་དམག་མིར་དྲག་རྒོལ་བྱེད་པའི་འཇིགས་སྐུལ་བར་ཉེས་འཛུགས་ཤུགས་ཆེར་བྱས་ཡོད་པ་རེད།

རྒྱལ་ཁབ་གཉིས་པོས་འཇིགས་སྐུལ་པར་ཁ་གཏད་གཅོག་རྒྱུར་མོས་མཐུན་བྱུང་བ་དང་ཕྱིས་སུ་གནད་དོན་གང་ལ་ཡང་སྙད་འདོགས་མེད་པར་རྡོག་ཐོན་བྱེད་ཆོག་ཆོག་ཡིན་པའི་གཏན་འབེབས་བྱས་ཡོད། སྲིད་བློན་མཆོག་གི་ཉེ་འཆར་འབར་མར་མཚམས་གཟིགས་སྐབས་ཁོང་གིས། འབར་མའི་བདེ་སྲུང་མི་སྣ་དང་དེ་མིན་ཉེས་མེད་མི་སེར་རྐྱེན་ལམ་དུ་ཕྱིན་པ་དེ་དག་ལ་བློ་ཕམ་ཡོད་ཚུལ་དང་། ཁོང་གིས་མ་ཟད་ཞི་བ་དང་། སྤྱི་པའི་འཆམ་མཐུན། དྲང་བདེན་དེ་བཞིན་མང་གཙོའི་ལམ་ལུགས་ཀྱི་ཆེ་མཐོང་རྨང་གཞིར་བྱས་པའི་ཐོག་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་དགོས་པར་ནན་སྐུལ་གནང་ཡོད་པ་རེད། སྲིད་བློན་གྱི་མཚམས་གཟིགས་སྐབས་དེར་འབར་མའི་གཞུང་དང་ལྷན་ཅིག་ཏུ་ར་ཁི་ནེ་མངའ་སྡེའི་ཡར་ཐོན་ལས་འཆར་ཐོག་རྒྱ་གར་གྱིས་རོགས་སྐྱོར་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

འབར་མ་དེ་རྒྱ་གར་གྱི་རྒྱ་མཚོའི་སྲིད་ཇུས་ལ་གལ་ཆེན་དང་ཤར་ཕྱོགས་ལ་ལྟ་བའི་སྲིད་ཇུས་LEPཀྱི་དོ་ཡ་ལྟ་བུ་ཞིག་ཡིན་པ་རེད། རྒྱལ་ཁབ་གཉིས་པོས་འཇིགས་སྐུལ་པར་ཁ་གཏད་གཅོག་རྒྱུར་སྙད་འདོགས་ཡེ་ནས་མེད་པར་མཉམ་དུ་བྱ་སྤྱོད་སྤེལ་རྒྱུར་མོས་མཐུན་བྱུང་ཡོད་པ་རེད། རྒྱ་གར་གྱིས་ར་ཁི་ནེའི་སྤྱི་ཚོགས་དཔལ་འབྱོར་གྱི་ཡར་ཐོན་ཐོག་རྨང་གཞིའི་འཛུགས་སྐྲུན་དང་དཔལ་འབྱོར་གྱི་ལས་འཆར་ཐོག་ལས་ཀ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།

སྤྱིར་རྒྱ་གར་དེ་༡༩༥༡ལོའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་མཐུན་གྲོས་དང་། ༡༩༦༧ལོའི་སྐྱབས་བཅོལ་བར་གནས་ཚང་གཡར་རྒྱུ་སོགས་རྒྱལ་འབྲེལ་ཐབས་བྱུས་ཀྱི་མཚན་རྟགས་འགོད་མཁན་ནང་མེད་ཀྱང་། རྒྱ་གར་གྱིས་རང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡང་དག་པའི་འཛིན་སྟངས་གཟེངས་སུ་སྟོན་པའི་ལོ་རྒྱུས་སྐྲུན་པ་དང་། འདས་པའི་ནང་ཤར་ནུབ་པ་ཀི་སི་ཏན་དང་། འབར་མ། ཤྲི་ལངྐ་། བོད། དེ་བཞིན་ཨབ་གྷ་ནི་སི་ཏན་སོགས་ནས་སྐྱབས་བཅོལ་བར་ངོས་ལེན་གནང་ཡོད་པ་དང་། རོ་ཧིང་རྒྱའི་བྱུས་ཉེས་དེར་རྒྱལ་སྤྱིའི་དོ་འཁུར་དགོས་པའི་རེ་འདུན་བྱེད་བཞིན་པ་དང་། མ་ཟད་ཚོགས་པ་དེར་འཕྲོག་བཅོམ་བརྙས་བཅོས་ཀྱི་རིགས་ཇི་མང་དུ་འགྲོ་བཞིན་དང་། ད་ཡོད་སྐྱབས་བཅོལ་གནས་ཡུལ་ཆ་ཚང་ཁེངས་ཡོད་པ་རེད། འབར་མ་གཞུང་གི་ངོས་ནས་རྒྱུན་རིང་གི་གནད་དོན་རྙིང་པ་འདི་སེལ་བའི་ཐབས་ལམ་ཞིག་འཚོལ་རྒྱུ་ཡིན་པ་རེད།