སྲིད་བློན་མོ་དྷི་དང་ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨེབ་མཆོག་གི་མེ་འཁོར་མྱུར་ཤོས་bullet train ཡི་གཞི་འཛུགས་གནང་བ།

དེ་རིང་སྲིད་བློན་ན་རེན་དྷང་མོ་དྷི་དང་ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨེབ་མཆོག་གཉིས་ཀྱིས་རྒྱ་གར་གྱི་མུམ་བེ་གྲོང་འཁྱེར་ནས་ཨེ་ཧེམ་དྷ་བཏ་གཉིས་བར་མེ་འཁོར་མྱུར་ཤོས་bullet train ཡི་ལས་འཆར་གཞི་འཛུགས་གནང་འདུག་ མེ་འཁོར་འགྲུལ་བཞུད་དེ་དག་གི་ཆུ་ཚོད་གཉིས་ནང་ཀི་ལོ་མི་ཊར་༥༠༠ ཡི་རྒྱང་ཐག་འགྲུལ་བཞུད་གནང་རྒྱུ་ཡིན་འདུག་ མེ་འཁོར་མྱུར་ཤོས་ཀྱི་ལས་འཆར་དེ་ཕྱི་ལོ་༢༠༢༢ བར་མཇུག་སྡོམ་གནང་རྒྱུ་ཡིན་འདུག་ སྲིད་བློན་མོ་དྷི་མཆོག་གི་ཆེ་འདོད་ཅན་གྱི་ལས་གཞི་གྲུབ་པར་ཉེ་ཧོང་གིས་བག་ལྷོད་ངང་ལོག་ཐུབ་པའི་དངུལ་བོན་གཡར་ཡོད་འདུག་ དབུ་ཁྲིད་རྣམ་གཉིས་ཀྱིས་དེེ་རིང་གན་དྷི་ན་གར་གྲོང་འཁྱེར་དུ་རྒྱ་གར་ཉེ་ཧོང་འདུན་སའི་ཚོགས་འདུ་ཐེངས་༡༢ པ་དབུ་འཛུགས་མཉམ་བཞུགས་གནང་སྟེ་གྲོས་མཐུན་མཚན་རྟགས་གནང་རྒྱུ་ཡིན་འདུག་ གུ་ཇི་རཏ་མངའ་སྡེ་ཡི་སྤྱི་ཁྱབ་དྲུང་ཆེ་ཇེ་ཨེན་སིང་མཆོག་གིས་མངའ་སྡེར་མ་རྩ་འཛུགས་པའི་གནད་དོན་ཐད་གྲོས་མཐུན་༡༥ མཚན་རྟགས་ཐག གཅོད་གནང་རྒྱུ་ཡིན་པ་བརྗོད་འདུག་གོ་