ཁྲིམས་མཐོ་ཤོས་ཀྱིས་ན་གཞོན་ལོ་༡༥ ནས་༡༨ བར་བྱེད་པའི་ཆུང་མ་མཉམ་དུ་འཁྲིག་སྤྱོད་བྱེད་ན་ཁྲིམས་འགལ་དུ་བརྩི་རྒྱུ་ཡིན་པ།

ཁྲིམས་མཐོ་ཤོས་ཀྱིས་ན་གཞོན་ལོ་༡༥ ནས་༡༨ བར་བྱེད་པའི་ཆུང་མ་མཉམ་དུ་འཁྲིག་སྤྱོད་བྱེད་ན་ཁྲིམས་འགལ་དུ་བརྩི་རྒྱུ་ཡིན་པ་རེད་འདུག་   ཁྲིམས་ཀྱི་དོན་ཚན་༣༧༥ ནང་དུ་ཁྲིམས་འགལ་གྱི་བཙན་གཡེམ་ནི་རང་རེའི་ཆུང་མ་ལོ་༡༥ ལོན་པའི་ཚེས་བཙན་གཡེམ་དུ་མ་བརྩི་བ་དང་འདོད་པ་ཡོད་མེད་ཀྱི་ལོ་ནི་༡༨ ཡིན་པ་རེད་འདུག་   ཁྲིམས་ཁང་མཐོ་ཤོས་ཀྱིས་བཙན་གཡེམ་གྱི་དམིགས་བསལ་ཁྲིམས་དེ་ནི་ལུགས་དང་མི་མཐུན་པ་དང་བུད་མེད་ཀྱི་ལུས་པོ་ལ་བརྩི་མཐོང་མ་སྤྲོད་པ་དང་གཅིག་མཚུངས་ཡིན་སྐོར་གསུངས་གནང་འདུག་   ཁྲིམས་ཁང་མཐོ་ཤོས་ཀྱོ་ཐག་གཅོད་བྱེད་མཁན་ནང་དུ་ཁྲིམས་ཞིབ་པ་མཱཌན་ལོཀུར་དང་ཌིཔཀ་གུཔཏཱ་ཡིན་པ་རེད་འདུག་པ་དང་ཁོང་རྣམས་པས་ད་ལྟའང་ལུང་པའི་ནང་དུ་ཕྲུ་གུའི་ཆང་ས་རྒྱབ་རྒྱུ་དེའི་ཐོག་སེམས་ཁྲལ་གནང་བ་དང་སྤྱི་ཚོགས་ཐོབ་ཐང་གི་ཁྲིམས་གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་པ་དེ་ལག་བསྟར་བྱེད་ཀྱི་མེད་པའི་སྐོར་ཡང་གསུངས་འདུག།