གྲོས་ཚོགས་དབུས་ཀྱི་ཐེངས་བདུན་པའི་གླ་ཕོག་སྤྲོད་འཆར་གྱི་ཕན་ཡོན་གྱི་འོག་གཙུགས་ལག་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ ཆེད་ལས་སློབ་གཉེར་ཁང་དང་རོགས་སྐྱོར་འོག་ཡོད་པའི་མཐོ་སློབ་ཁག་ལ་ཁས་ཕན་ཡོང་པ; དེ་མིན་ལག་ཤེས་རྒྱུ་རྩལ་གོང་འཕེལ་གྱི་ཐབས་བྱུས་གཉིས་ཀྱང་མོས་མཐུན་གནང་པ།

གྲོས་ཚོགས་དབུས་ཀྱི་ཐེངས་བདུན་པའི་གླ་ཕོག་སྤྲོད་འཆར་ཕན་ཡོན་གྱི་གྲོས་མཐུན་འོག་གཙུགས་ལག་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ ཆེད་ལས་སློབ་གཉེར་ཁང་དང་རོགས་སྐྱོར་འོག་ཡོད་པའི་མཐོ་སློབ་ཁག་ལ་ཁས་ཕན་ཡོང་པར་ངོས་ལེན་གནང་འདུག་ གྲོས་འཆར་དེ་དག་ཕྱི་ལོ་༢༠༡༦ ཡི་ཟླ་༡ པོའི་ཚེས་༡ ནས་ལག་བསྟར་རུང་བ་ཡིན་འདུག་  གྲོས་མཐུན་འདིའི་ལོ་རེའི་དབུས་དངུལ་རྩིས་འོས་བབས་ཧིན་སྒོར་དུང་སྒྱུར་༩༨༠༠ ཡིན་པ་རེད་འདུག་ གྲོས་མཐུན་ཐག་གཅོད་དེ་དག་གིས་དགེ

་རྒན་འབུམ་བདུན་དང་ཕྱེད་ཀ་ལྷག་ལ་ཕན་ནུས་ཐོབ་ཀྱིས་ཡོད་འདུག་ གྲོས་མཐུན་ཚོགས་འདུ་གྲུབ་རྗེས་རྒྱལ་ས་ལྡི་ལིར་གསར་འགོད་འགྲེ།་བརྗོད་སྐབས་བློན་ཆེན་པར་ཀཤ་ཇ་ཝ་དྷེ་ཀར་མཆོག་གིས་གླ་ཕོག་གསར་པའི་ཚད་གཞི་འོག་དགེ་རྒན་རྣམས་གླ་སྟོང་ཕྲག་༡༠ ནས་༥༠ བར་འཕར་བ་གསུངས་འདུག་