གློག་བརྙན་དང་གཟུགས་མཐོང་རླུང་འཕྲིན་གྱི་ཚོགས་གཙོ་གསར་པར་ཨཱནུཔམ་ཁེར་ལ་བསྐོ་བ།

པུནེ་ཡི་གློག་བརྙན་དང་གཟུགས་མཐོང་རླུང་འཕྲིན་གྱི་ཚོགས་གཙོ་གསར་པར་གློག་བརྙན་ཁྲབ་མཁན་རྙན་གྲགས་ཅན་ཨཱནུཔམ་ཁེར་ལ་བསྐོ་ཡོད་པ་རེད་འདུག་ཁོང་གིས་གཱཇེནཌྲཱ་ཅོའན་གྱི་ཚབ་ལ་ཕེབས་ཡོད་པ་རེད་འདུག་   ཨཱནུཔམ་ཁེར་མཆོག་ནི་གློག་བརྙན་༥༠༠ ལྷག་ཙམ་གྱི་ནང་དུ་འཁྲབ་སྟོན་གནང་ཚར་ཡོད་པ་རེད་འདུག་པ་དང་ཁོང་ལ་རྒྱལ་ཡཔངས་གཟེངས་རྟགས་པདྨ་ཤྲི་དང་མདྨ་བྷུཤཱན་བཅས་ཀྱི་གཟེངས་རྟགས་ཀྱང་ཐོབ་གནང་ཡོད་པ་རེད་འདུག་   གཞན་ཁོང་ལ་རྒྱལ་ཡོངས་གློག་བརྙན་གཟེངས་རྟགས་ཐེངས་༥ ཐོབ་ཚར་ཡོད་པ་དང་རྒྱལ་སྤྱི་གློག་བརྙན་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད་འསུག།