ཊར་ཀིའི་རྒྱལ་ནང་དུ་སྣུམ་གྱི་གཙམ་བཟོ་སའི་བཟོ་གྲྭར་འབར་གས་ཀྱིས་མི་༤ གྲོངས་བ་དང་གཉིས་རྨས་སྐྱོན་ཤོར་ཡོད་པ་རེད་འདུག།

ཊར་ཀིའི་རྒྱལ་ནང་གི་ཨིཛ་མིར་ཞེས་པའི་ས་ཆར་སྣུམ་གྱི་གཙམ་བཟོ་སའི་བཟོ་གྲྭར་འབར་གས་ཀྱིས་མི་༤ གྲོངས་བ་དང་གཉིས་རྨས་སྐྱོན་ཤོར་ཡོད་པ་རེད་འདུག་   ལུང་པའི་ནང་གི་ཨནཱཌོལུ་ཨེ་ཇེན་སི་ཡིས་འབར་གས་དེ་རེས་གཟའ་ལྷག་པར་ཊུཔརཱས་སྣུམ་གཙང་མ་བཟོ་སར་སྣུམ་ཉར་སྣོད་ཞིག་ཏུ་ལས་ཀ་ལས་ཀའི་སྐབས་སུ་བྱུང་ཡོད་སྐོར་བཤད་གནང་འདུག།