དེ་རིང་ནས་སྲིད་འཛིན་ཀོ་ཝིཏ་མཆོག་ཉིན་གཉིས་རིང་གི་མངའ་སྡེ་སྲོད་སྐྱོང་གི་ལྷན་ཚོགས་ཚོགས་འདུར་གཙོ་སྐྱོང་གནང་བ།

དེ་རིང་ནས་སྲིད་འཛིན་རམ་ནཏ་ཀོ་ཝིཏ་མཆོག་རཤ་པ་ཏི་བ་ཝན་དུ་ཉིན་གཉིས་རིང་གི་མངའ་སྡེ་སྲོད་སྐྱོང་གི་ལྷན་ཚོགས་ཚོགས་འདུར་གཙོ་སྐྱོང་གནང་རྒྱུ་ཡིན་འདུག་ ད་ལན་གྱི་ལྷན་ཚོགས་སུ་ཚོགས་ཐེངས་འདྲ་མིན་དུ་གནད་དོན་གལ་ཆེ་ཐད་གོ་བསྡིར་གནང་རྒྱུ་ཡིན་འདུག་ ལྷན་ཚོགས་དབུ་འབྱེད་ཀྱི་ཚོགས་ཐེངས་སྐབས་ཀྱི་བརྗོད་བྱ་ནི་ཕྱི་ལོ་༢༠༢༢ ཡི་རྒྱ་གར་གསར་པ་ཡིན་འདུག་ སྲོད་འཛིན་གཞོན་པ་ཝེན་ཀ་ཨི་ནཨི་གྲུ་མཆོག་དང་སྲིད་བློན་མོ་དྷི་རྣམ་གཉིས་ཀྱང་ལྷན་ཚོགས་སུ་མཉམ་ཞུགས་གནང་སྟེ་གཏམ་བཤད་གནང་རྒྱུ་ཡིན་འདུག་  ལྷན་ཚོགས་ཀྱི་ཚོགས་ཐེངས་དང་པོར་ནི་ཏི་ཨ་ཡོག་གིས་ཕྱི་ལོ་༢༠༢༢ ཡི་རྒྱ་གར གསར་པའི་སྲིད་ངེས་ཀྱི་གྲུབ་ཆ་ཐོག་སྤྱན་བསྟར་འགྲེམ་སྤེལ་ཞུ་རྒྱུ་ཡིན་འདུག་  ཚོགས་ཐེངས་གཉིས་པར་རྒྱ་གར་གྱི་ན་གཞོན་རྣམས་ལ་ལས་ཀ་སྤྲོད་ནུས་པ་བཟོས་པར་མངའ་སྡེ་ཁག་ལ་ཆེས་མཐོའི་སློབ་སྦྱོང་གི་སློབ་ཚན་དང་སྒྱུ་རྩལ་འཕེལ་རྒྱས་དེ་བཞིན་ཁེ་ལས་ཐད་གོ་བསྡུར་གནང་རྒྱུ་ཡིན་འདུག་གོ་