ལ་འོར་ཁྲིམས་མཐོ་བས་འ་ཕིཛ་ས་འིཌ་ལ་སྤངས་རྟགས་ཁུང་སྐྱེལ་མེད་པ་ཡིན་ན་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག།

ལ་འོར་ཁྲིམས་མཐོ་བས་མུམ་བེ་དྲག་སྤྱོད་པའི་འཐབ་རྒོལ་གྱི་འཆར་གཞི་བརྟེན་མཁན་འ་ཕིཛ་ས་འིཌ་ལ་སྤངས་རྟགས་ཁུང་སྐྱེལ་མེད་པ་ཡིན་ན་ད་ལྟའི་ཁང་པར་བཙོན་བཅུག་དེ་ནས་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་འདུག་   ཇཱམཱཏ་ཨུཌ་ཌཱཝཱ་ཡི་འགོ་འཁྲིད་དང་གཞན་ཕྱག་རོགས་བཞི་རྣམས་ནི་འདི་ལོ་ཕྱི་ཟླ་༡ ཚེས་༣༡ ནས་ཁང་པར་བཙོན་བཅུག་བྱེད་ཡོད་པ་རེད་འདུག།