སྒྱུ་རྩལ་དང་ཆེ་ལས་གོང་འཕེལ་བློན་ཆེན་མཆོག་གིས་རྒྱ་གར་གྱི་ན་གཞོན་འབུམ་གཅིག་ཉེ་ཧོང་དུ་ཆེད་ལས་སྦྱོང་བསྡར་ཆེད་གཏོང་རྒྱུ་ཡིན་པ།

སྒྱུ་རྩལ་དང་ཆེ་ལས་གོང་འཕེལ་བློན་ཆེན་དྷར་མེན་དྷ་ར་པརྷ་དྷན་མཆོག་གིས་རྒྱ་གར་གྱི་ན་གཞོན་འབུམ་གཅིག་ཉེ་ཧོང་དུ་ཆེད་ལས་སྦྱོང་བསྡར་ཆེད་ལོ་གསུམ་ནས་ལྔ་བར་དབུས་གཞུང་གི་སྒྱུ་རྩལ་གོང་འཕེལ་གྱི་ལས་གཞི་འོག་གཏོང་རྒྱུ་ཡིན་པ་ཏུཨི་ཏར་དུ་གསལ་བསྒྲགས་གནང་འདུག་ བློན་ཆེན་མཆོག་གིས་ཆེད་ལས་སྦྱོང་བསྡར་གྱི་འགྲོ་གྲོན་ཆ་ཚང་ཉེ་ཧོང་གཞུང་གི་གནང་རྒྱུ་ཡིན་པ་བརྗོད་འདུག་ བློན་ཆེན་མཆོག་གིས་དེ་བཞིན་གྲོས་ཚོགས་ཀྱི་རྒྱ་གར་དང་ཉེ་ཧོང་བར་གྱི་Technical Intern Training Program ཡི་གྲོས་མཐུན་MoC ལ་མོས་མཐུན་གནང་ཡོད་པ་ཡང་བསྒྲགས་འདུག་ སྐུ་ཞབས་པར་དྷན་མཆོག་གིས་MoC གྲོས་མཐུན་དེ་ཉེ་ཧོང་གི་རྒྱལ་ས་ཏོཀ་ཡོ་གྲོང་འཁྱེར་དུ་གཞུང་འབྲེལ་མཛད་འཕྲིན་སྐབས་མཚན་རྟགས་ཐག་གཅོད་གནང་རྒྱུ་ཡིན་པ་བརྗོད་འདུག་གོ་