སྲོད་བློན་མོ་དྷི་ཡི་དཔལ་སྦྱོར་སློབ་སྟོན་ལྷན་ཚོགས་EAC-PM ཀྱིས་དབུས་གཞུང་ད་ལྟའི་གཞུང་ཁྲལ་འབབ་སྡེབ་དངུལ་ཀྱི་ལམ་མུ་མཐུད་གནས་པར་འདོད་པ།

སྲོད་བློན་མོ་དྷི་ཡི་དཔལ་སྦྱོར་སློབ་སྟོན་ལྷན་ཚོགས་EAC-PM ཀྱིས་དབུས་གཞུང་ད་ལྟའི་གཞུང་ཁྲལ་འབབ་སྡེབ་དངུལ་ཀྱི་ལམ་མུ་མཐུད་གནས་ཤིང་རྒྱལ་ཡོངས་དཔལ་སྦྱོར་གོང་འཕེལ་གཏོང་བར་ཚོང་ལས་ཁང་རྣམས་ནུས་ཤུགས་སྤེལ་ཆེ་གཞུང་ཁྲལ་དངུལ་འབབ་ལ་བབས་ལྷིང་མེད་པ་དགོས་པར་འབོད་འདུག་ ཁ་སང་སྲིད་བློན་མོ་དྷི་མཆོག་གི་རྒྱལ་ཡོངས་དཔལ་སྦྱོར་ཡར་རྒྱས་ཀྱི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོར་ལྷན་འཛོམས་གནང་འདུག་ དཔལ་སྦྱོར་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་གཙོ་བི་བེཀ་དྷིབ་རོཨི་མཆོག་གིས་རྒྱལ་ཡོངས་དཔལ་སྦྱོར་ཉམས་གུད་བསལ་པར་ལག་བསྟར་གནང་འོས་པའི་ལས་གཞི་གོ་སྒྲིག་གནང་སྟེ་སྲིད་བློན་མཆོག་ལ་འབུལ་རྒྱུ་ཡིན་པ་གསར་འགོད་པར་བརྗོད་འདུག་གོ་