FIFA ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ལོ་ན་༡༧ འོག་གི་རྐང་སྤོལ་རྩེད་འགྲན་དུ་དབྱིན་ཡུལ་རུ་ཁག་གིས་མེཀ་སི་ཀོ་དང་ཨི་རག་གིའ་ཅི་ལི་རུ་ཁག་ལ་ཕམ་ཉེར་བཏང་བ།

ཁ་སང་ཀོལ་ཀ་ཏ་གྲོང་འཁྱེར་དུ་FIFA ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ལོ་ན་༡༧ འོག་གི་རྐང་སྤོལ་རྩེད་འགྲན་གྱི་སྡེ་ཚན་ཆ་ཡི་འགྲན་བསྡིར་དུ་དབྱིན་ཡུལ་རུ་ཁག་གིས་མེཀ་སི་ཀོ་ལ་༣-༢ཡིས་ཕམ་ཉེར་བཏང་སྟེ་རྩེད་ཐེངས་རྗེས་མེ་སོན་འདུག་ དེ་བཞིན་རྩེད་འགྲན་གཞན་དུ་ཨི་རག་གིས་ཅི་ལི་རུ་ཁག་ལ་༣-༠ ཡིས་ཕམ་ཉེར་བཏང་འདུག་ ད་བཞིན་སྡེ་ཚན་ཅ་པའི་རྩེད་འགྲན་དུ་ཧོན་གྲུ་རས་ཡིས་ནིཨུ་ཀེ་ལེ་གྲོ་ནི་ཡ་ལ་ལ་༥-༠ ཡིས་ཕམ་ཉེར་བཏང་འདུག་གོ་