ཀཱཊ་མན་ཌུ་རྒྱལ་སར་ལྷོ་ཨེ་ཤི་ཡའི་ཚོགས་ཆེན་༡༠ པ་དེ་དེ་རིང་འགོ་འཛུགས་པ།

ཀཱཊ་མན་ཌུ་རྒྱལ་སར་ལྷོ་ཨེ་ཤི་ཡའི་ཚོགས་ཆེན་༡༠ པ་དེ་དེ་རིང་འགོ་འཛུགས་ཡོད་པ་རེད་འདུག་   དེའང་ཚོགས་ཆེན་དེའི་བརྗོད་བྱ་ནི་ལྷོ་ཨེ་ཤི་ཡ་ལ་རྒྱུན་འཛིན་ཐུབ་པའི་ཡར་རྒྱས་དང་ཡོངས་སྒྲིལ་གྱི་དཔལ་འབྱོར་མཉམ་ལས་གོང་འཕེལ་ཐོག་ཡིན་པ་རེད་འདུག།

ཚོགས་ཆེན་དེ་ནི་བལ་ཡུལ་གྱི་རྒྱལ་ཡོངས་ཆར་འགོད་ལྷན་ཚོགས་དང་ཚོང་འབྲེལ་བློན་ཆེན་ལྷན་ཁང་དང་ལྷོ་ཨེ་ཤི་ཡའི་ཚོང་འབྲེལ་དང་དཔལ་འབྱོར་དང་འཁོར་ཡུག་གི་ལྟ་དོག་ཚོགས་པའི་བལ་ཡུལ་སྡེ་ཚན་རྣམས་ཀྱིས་གོ་སྒྲིག་གནང་ཡོད་པ་རེད་འདུག།

དེའང་བལ་ཡུལ་འཆར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྭཱརནིམ་ཝཱགལེ་མཆོག་གིས་ཚོགས་ཆེན་དེའི་ཐོག་མི་༢༠༠ ཡི་མཉམ་བཞུགས་གནང་ཡོད་པ་དང་དེའི་ནང་དུ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མི་ཟུར་པ་དང་གཥུང་ཚབ་པ་དང་གཞུང་འཙྲེལ་མི་སྣ་དང་དཔྱད་ཞིབ་པ་དང་མཁས་དབང་བཅས་རྣམས་ཡོད་པ་རེད་འདུག།