ཇ་མུ་ཀཤ་མིར་མངའ་སྡེ་ཡི་ཧདྷ་ཝ་ར་གྲོད་སྡེརཉེན་སྲུང་དམག་མི་ཡིས་འཇིག་སྐྱུལ་དྲག་སྤྱོད་པ་གཉིས་གསོད་པ།

ཁས་ས་དགོང་མོ་ཇ་མུ་ཀཤ་མིར་མངའ་སྡེ་ཡི་ཀུཔ་ཝ་ར་རྫོང་གི་ཧདྷ་ཝ་ར་གྲོད་སྡེར་ཉེན་སྲུང་དམག་མི་དང་འཇིག་སྐྱུལ་དྲག་སྤྱོད་པ་འཕྲད་དེ་ངོས་འཛིན་མི་ཐུབ་པའི་འཇིག་སྐྱུལ་དྲག་སྤྱོད་པ་གཉིས་གསོད་འདུག་ ས་གནས་ཀྱི་ཉེན་རྟོག་པ་རྒན་པ་ཞིག་གིས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་འཇིག་སྐྱུལ་དྲག་སྤྱོད་པས་ན་ཀ་ཅེཀ་ལོཨིཊ་རུ་མེ་མདའ་རྒྱག་སྟེ་དེ་ཡིས་ཡ་ལན་དུ་མེ་མདའ་རྒྱག་འདུག་ མེ་མདའ་རྒོལ་འཛིང་སྐབས་འཇིག་སྐྱུལ་དྲག་སྤྱོད་པ་གཉིས་གསོད་འདུག་ འཇིག་སྐྱུམ་དྲག་སྤྱོད་པ་གསོད་ལ་གཉིས་ངིས་འཛིནགནང་བཞིན་ཡོད་ཀྱང་ད་བར་གནང་ཐུབ་མེད་པ་བརྗོད་ཡོད་འདུག་གོ་