ཊི་ལར་སོན་མཆོག་གིས་མྱན་མར་ལ་རོ་ཧིང་རྒྱའི་དཀའ་རྙོག་ཐོག་ཉེན་བརྡ་གཏོང་རྒྱུ་ཡིན་པ།

ཨ་རིའི་དྲུང་ཆེ་རེག་སི་ཊི་ལར་སོན་མཆོག་གིས་མྱན་མར་ལ་རོ་ཧིང་རྒྱའི་དཀའ་རྙོག་ཐོག་ཉེན་བརྡ་གཏོང་རྒྱུ་ཡིན་པ་རེད་འདུག་   དེའང་ཊི་ལར་སོན་མཆོག་མྱན་མར་ལ་རེས་གཟའ་ལྷག་པར་ཕེབས་རྒྱུ་ཡིན་པ་དང་མི་མང་གི་འོས་འདེམས་བྱས་པའི་ཆབ་སྲིད་འགོ་འཁྲིད་ཨང་སང་སུ་ཀི་མཆོག་དང་མྱན་མར་གི་དམག་དཔོན་འགོ་འཁྲིད་མིང་ཨང་ལེང་མཆོག་གི་ལྷན་དུ་མཇལ་འཕཉརད་གནང་རྒྱུ་ཡིན་པ་རེད་འདུག།