ད་བློན་དང་པོ་ཇཱཝཱཧརལལ་ནེཧརུ་མཆོག་གི་འཁྲུངས་སྐར་དུས་དྲན་༡༢༨ པ་ལ་རྒྱལ་ཡོངས་ཀྱིས་གུས་འདུད་ཞུ་བ།

རྒྱ་གར་གྱི་སྲིད་བླིན་དང་པོ་པཱནཌིཏ་ཇཱཝཱཧརལལ་ནེཧརུ་མཆོག་གི་དེ་རིང་འཁྲུངས་སྐར་དུས་དྲན་༡༢༨ པ་ལ་རྒྱལ་ཡོངས་ཀྱིས་གུས་འདུད་ཞུ་གནང་ཡོད་པ་རེད་འདུག།

དེའང་ཆབ་སྲིད་འགོ་འཁྲིད་དང་མི་སྣ་གལ་ཆེན་རྣམས་ཀྱིས་ནེཧརུ་མཆོག་གི་སཱམཱདི་ཤཱནཏི་བཱཝཱན་ཞེས་པ་རྒྱལ་ས་ལྡི་ལིར་ཁོང་ལ་རྟེན་འབུལ་གནང་རྒྱུ་ཡིན་པ་རེད་འདུག།

སྲིད་བློན་ཟུར་པ་ནེགརུ་མཆོག་གི་རྒྱལ་ཁབ་འཛུགས་བསྐྲུན་ཆེད་དུ་མཛད་འཕྲིན་གནང་བ་དེ་ཚོའི་ཆེས་སྟོད་ཆེད་དུ་མཛད་སྒོ་དུ་མ་གོ་སྒྲིག་གནང་ཡོད་པ་རེད་འདུག་   དེ་མ་བཟད་དེ་རིང་གི་ཉིན་མོ་དེ་ཁོང་གི་འཁྲུངས་སྐར་དུས་དྲན་ལ་རྒྱལ་ཡོངས་ཕྲུ་གུའི་ཉིན་མོར་སྲུང་བརྩི་ཞུ་ཡིས་ཡོད་པ་རེད་འདུག།