རྒྱལ་ས་ལྔི་ལིའི་ནང་དུ་རླུང་ཁམས་ཡག་ཏུ་ཕྱིན་པ།

རྒྱལ་ས་ལྔི་ལིའི་ནང་དུ་རླུང་ཁམས་ཡག་ཏུ་ཕྱིན་ཡོད་པ་དང་བར་སྣང་གི་བཙོག་གྲིབས་རྫས་ཁས་ས་ཉིན་གཉིས་ཀྱི་ནང་དུ་ཉུང་དུ་འགྲོ་ཡོད་པ་རེད་འདུག་   དབུས་བཙོག་གྲིབས་སྟངས་འཛིན་ཚོགས་པའི་ལམ་སྟོན་པ་ཌོག་ཊོར་ཌི་སཱཧཱ་མཆོག་གིས་གནམ་གཤིས་བསྒྱུར་བ་དང་རླུང་ཁམས་གཙང་དུ་འགྲོ་བའི་གནས་སྟངས་དེ་མུ་མཐུད་ནས་གནས་རྒྱུ་ཡིན་པ་དང་དེས་རླུང་ཁམས་གཙང་དུ་འགྲོ་རྒྱུ་ཡིན་པའི་སྐོར་གསུངས་གནང་འདུག།

སཱཧཱ་མཆོག་གིས་རང་རེའི་རླུང་འཕྲིན་ཁང་ལ་རྒྱལ་ས་ལྡི་ལིར་ཡོང་རྒྱུའི་ཉིན་གཉིས་ཀྱི་ནང་དུ་ཆར་པ་རྒྱབ་སྲིད་པ་དང་དེས་བཙོག་གྲིབས་ཀྱི་བར་སྣང་གི་རྫས་རྣམས་འཇམ་བཅུག་བས་རླུང་ཁམས་གཙང་དུ་འགྲོ་རྒྱུ་ཡིན་པའི་སྐོར་གསུངས་འདུག།