རྒྱལ་སྤྱིའི་FIFA རྐང་སྤོལ་རྩེད་འགྲན་འགྲན་བསྡུར་དུ་ཨི་ཏ་ལི་རུ་ཁག་མཉམ་བཞུགས་གནང་མི་ཐུབ་པ།

རྒྱལ་སྤྱིའི་FIFA རྐང་སྤོལ་རྩེད་འགྲན་འགྲན་བསྡུར་དུ་ཨི་ཏ་ལི་རུ་ཁག་རྩེད་འགྲན་དུ་ཕྱི་ལོ་༡༩༥༨ ནས་ད་བར་ཐེངས་དང་པོ་མཉམ་བཞུགས་གནང་མི་ཐུབ་བྱུང་འདུག་ རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཐེངས་བཞི་ཡང་རྩེར་སོན་པའི་ཨི་ཏ་ལི་རུ་ཁག་སུ་ཨི་གྲེན་རུ་ཁག་ལས་༡-༠ ཡིས་ཕམ་སྟེ་རྩེད་འགྲན་ལས་ཕྱིར་འབུད་གནང་འདུག་ ལོ་རྗེས་མའི་ཟླ་བ་༦ པར་ཨུ་རུ་སུར་རྩེད་འགྲན་གནང་རྒྱུའི་ཡིན་པའི་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་དུ་ཨ་རི་དང་ཅི་ལི་ ཀེ་མེ་རུན་ ཨ་ཝི་རི་ཀོསཊ་དང་ནེ་དྷར་ལེཊ་སོགས་རྒྱལ་ཆེན་རུ་ཁག་འཛུལ་བཞུགས་གནང་མི་ཐུབ་པའི་སྡེ་ཚནདུ་འཚུད་འདུག་གོ་