སྲིད་བློན་མོ་དྷི་མཆོག་ཨོ་སི་ཀྲེ་ལི་ཡའི་སྲིད་བློན་མལ་ཀོམ་ཏརན་བོལ་ལྷན་དུ་ངོས་གཉིས་ཀྱི་གཞུང་འབྲེམ་གྲོས་མོལ་གནང་སྟེ་; ཤར་ཨེ་ཤི་ཡའི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༢ པ དང་ASEANརྒྱ་གར་གྱི་ཆེས་མཐོའི་བཀའ་གྲོས་སུ་མཉམ་བཞུགས་གནང་རྒྱུ།

དེ་ཡང་རེས་གཟའ་མིག་མར་གྱི་སྔ་དྲོར་སྲིད་བློན་མོ་དྷི་མཆོག་ཨོ་སི་ཀྲེ་ལི་ཡའི་སྲིད་བློན་མལ་ཀོམ་ཏརན་བོལ་ལྷན་དུ་ངོས་གཉིས་ཀྱི་གཞུང་འབྲེམ་གྲོས་མོལ་གནང་འདུག་ སྲིད་བློན་རྣམ་གཉིས་ཀྱི་ཁྱུག་ཙམ་རིང་གི་གྲོས་མོལ་སྐབས་ངོས་གཉིས་ཀས་རང་ཡུལ་དང་རྒྱལ་སྤྱིའི་གནད་དོན་ལ་སོགས་ཐན་མོང་གི་གནད་དོན་ཐད་གོ་བསྔུར་གནང་ཡོད་འདུག་ དབུ་ཁྲིད་རྣམ་གཉིས་ངོས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་བཏང་ནུས་པའི་རྒྱ་ཁྱོན་གོང་འཕེལ་བཏང་བར་གོ་བསྔུར་གནང་འདུག་ སྲིད་བློན་མཆོག་ཝེཊ་ནམ་དང་ཉེ་ཧོང་ ནིཨུ་ཛི་ཀེཊ་བཅས་ཀྱི་སྲིད་བློན་རྣམ་དང་བུར་ནེཨི་ཡི་སུལ་ཏན་ལྷན་དུ་རེ་མོས་བཞིན་གཞུང་འབྲེལ་གྲོས་མོལ་གནང་རྒྱུ་ཡིནའདུག་ དེ་དག་རྗེས་སྲིད་བློན་མཆོག་ཤར་ཨེ་ཤི་ཡའི་ཆེས་མཐོའི་ལྷན་ཚོགས་ཐེངས་༡༢ པ དང་ASEAN རྒྱ་གར་གྱི་ཆེས་མཐོའི་བཀའ་གྲོས་སུ་མཉམ་བཞུགས་གནང་རྒྱུ་ཡིན་འདུག་གོ་