ཨ་རི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ལྷན་ཁང་ལས་ཕྱིར་འཐེན་གྱིས་ཐག་གཅོད་ལ་UNESCOའགོ་འཛིན་གསར་པ་ཡིས་རྩི་མེད་བཏང་བ།

ཨ་རི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ལྷན་ཁང་ལས་ཕྱིར་འཐེན་གྱིས་ཐག་གཅོད་ལ་UNESCOའགོ་འཛིན་གསར་པས་རྩི་མེད་བཏང་སྟེ་ལྷན་ཁང་དེ་དག་སྔར་ལོ་མང་ཨ་རི་ཡིས་རྒྱབ་སྐྱོར་མེད་པའི་ཐོག་འཚོ་ཐུབ་པ་བྱུང་ཡོད་པ་བརྗོད་འདུག་ དེ་ཡང་རེས་གཟའ་པ་སངས་སུ་ཕ་རན་སི་རིག་གཞུང་བློན་ཆེན་གཟུར་པ་ཨོ་གྲུ་ཨ་ཛུ་ལེ་མཆོག་UNESCO ཡི་འགོ་འཛིན་གསར་པར་འོས་འདེམས་བྱུང་སྟེ་ཨ་རི་ནི་ལྷན་ཁང་དེ་དག་གིས་འགོ་འཛུགས་དང་མཐའ་མ་མིན་པ་བརྗོད་ཡོད་འདུག་ ཨ་རི་དང་ཨི་ཛི་རེལ་རྒྱལ་ཁབ་གཉིས་ཀྱིས་ཟླ་བ་གོང་མར་ལྷན་ཁང་དེ་དག་ལ་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་ཡོད་འདུག་གོ་