ཨི་རཌ་དང་ཨི་རན་གྱི་ས་མཚམས་སུ་ཤུགས་ཚད་༧.༣ ཡི་ས་ཡོམ་དྲག་ཆེན་རྐྱེན་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ ༤༥༠ རུ་འཕར་པ།

རེས་གཟའ་ཉི་མར་ཨི་རཌ་དང་ཨི་རན་གྱི་ས་མཚམས་སུ་ཤུགས་ཚད་༧.༣ ཡི་ས་ཡོམ་དྲག་ཆེན་རྐྱེན་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ ༤༥༠ རུ་འཕར་པ་དང་དེ་མིན་མི་སྟོང་ཕྲག་ལྷག་སྨད་སྐྱོན་བྱིང་ཡོད་འདུག་ ཨི་རན་ཛ་དྲག་སྨན་བཅོས་ཞབས་ཞུ་ཡི་འགོ་ཁྲིད་མཆོག་གིས་ས་ཡོམ་གྱི་མནར་བའི་ས་མཚམས་ཁུལ་དུ་ཉེན་སྐྱོབ་ལས་འཆར་འགྲོ་བཞིན་ཡོང་པ་བརྗོད་འདུག་ ཉེན་སྐྱོབ་ཨ་རི་ཡི་ས་གཤིས་རིག་པའི་ཉམས་ཞིབ་ཁང་གིས་དྲག་ཆེན་ས་ཡོམ་དེ་དག་ཨི་རཌི་གྲོངའཁྱེརཧ་ལབ་ཇི་ཡི་ལྷོ་ཕྱོགས་ངོས་སུ་ཀི་ལོ་མི་ཊར་༤༠ ཡི་རྒྱང་ཚད་དུ་ས་ཡོམ་རྒྱག་ཡོད་པ་བརྗོད་འདུག་ ཨི་རན་གྱི་གསར་འགོད་ཁང་IRINN ཡིས་ཉེན་སྐྱོབ་རུ་ཁག་རྒྱལ་ཁབ་ཀྱི་ནུབ་ཕྱོགས་སུ་བཀོད་སྒྲིག་གནང་ཡོད་པབརྗོད་འདུག་ ས་ཡོམ་གྱི་འདེ་སིག་ཏར་ཀི་དང་ཨིཛ་རེལ་འའང་མྱོང་ཡོད་འདུག་གོ་