སྲིད་བློན་མཆོག་གིས་གུ་ཇུ་རཱཏ་ལ་ཡོད་པའི་བི་ཇེ་པི་ཆབ་སྲིད་ཚོགས་པའི་བུད་མེད་སྡེ་ཚན་གྱི་ལྷན་དུ་སྲིད་བློན་གྱི་དྲ་རྒྱའི་བརྒྱུད་ལམ་ཐོག་དེ་རིང་གྲོས་མོལ་གནང་རྒྱུ་ཡིན་པ།

སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་གུ་ཇུ་རཱཏ་ལ་ཡོད་པའི་བི་ཇེ་པི་ཆབ་སྲིད་ཚོགས་པའི་བུད་མེད་སྡེ་ཚན་གྱི་ལྷན་དུ་སྲིད་བློན་གྱི་དྲ་རྒྱའི་བརྒྱུད་ལམ་ཐོག་དེ་རིང་གྲོས་མོལ་གནང་རྒྱུ་ཡིན་པ་རེད་འདུག་   དེའང་བི་ཇེ་པི་ཆབ་སྲིད་ཚོགས་པའི་གནས་ཚུལ་ལྟར་ན་གྲོས་མོལ་དེ་ནི་བརྙན་འཕྲིན་གྱི་བརྒྱུད་ཐད་སྲིང་བྱེད་རྒྱུ་ཡིན་པ་དང་དེར་གུཇུརཱཏ་མངའ་སྡེའི་ས་ཁུལ་འདྲ་མིན་མས་བུད་མེད་རྣམས་ཀྱིས་བཅར་འདྲི་ཞུ་ཐུབ་རྒྱུའི་གོ་སྐབས་ཡོད་སྐོར་གསུངས་འདུག།