མེག་སི་སྨན་ཁང་གི་གནད་དོན་ཐོག་འབྲེལ་ཡོད་སྨན་པ་རྣམས་ཀྱི་ལས་ཀ་མཚམས་འཇོག་བྱེད་ཡོད་པ།

རྒྱལ་ས་ལྡི་ལིའི་ཤཱལིམཱར་བཱག་མེག་སི་སྨན་ཁང་མེག་སི་སུ་པར་སྤེ་ཤེལ་ཊི་སྨན་ཁང་ཞེས་པ་དེའི་གནད་དོན་ཐོག་འབྲེལ་ཡོད་སྨན་པ་གཉིས་ཀྱིས་ལས་ཀ་མཚམས་འཇོག་བྱེད་ཡོད་པ་རེད་འདུག་   དེའང་སྨན་ཁང་དེར་སྨན་པ་གཉིས་པོ་དེས་སྔ་ཐལ་ཕྲུ་གུ་བདུན་ཕྲག་༢༢ ཡིན་པ་དེར་གྲོངས་ཚར་བའི་གནས་ཚུལ་ནོར་བ་སྤྲོད་པའི་ཕྱིར་འབུད་བྱས་ཡོད་པ་རེད་འདུག།