དབུས་གཞུང་གིས་ཕྱི་རྒྱལ་ཚོང་འབྲེལ་སྲིད་བྱུས་བསྐྱར་ཞིབ་སྙན་ཐོ་དེ་རིང་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ།

དེ་རིང་རྒྱལ་ས་ལྡི་ལིར་དབུས་གཞུང་གིས་ཕྱི་རྒྱལ་ཚོང་འབྲེལ་སྲིད་བྱུས་བསྐྱར་ཞིབ་སྙན་ཐོ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད་འདུག་   མཛད་སྒོ་དེར་ཚོང་འབྲེལ་བློན་ཆེན་སུརེཤ་པྲཱབུ་མཆོག་དང་ཚོང་འབྲེལ་དང་བཟོ་གྲྭའི་བློན་ཆེན་གཞོན་པ་སི་ཨར་ཅཽདཱརི་མཆོག་དང་མཛད་གཙོ་རྣམས་ཀྱིས་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག་   སྙན་ཐོ་དེའི་ནང་དུ་དངོས་ཟོག་ཕྱིར་འདྲེན་དེ་ཉུང་དུ་འགྲོ་བར་ཕྱིར་འདྲེན་པའི་སེམས་ཁྲལ་ལ་དམིགས་རྒྱུ་ཡིན་པ་དང་དེ་ནི་འདི་ལོར་ཕྱི་ཟླ་༨ ལ་ཕྱིར་འདྲེན་རྒྱ་ཆ་༡་༡༢ ཉུང་དུ་འགྲོ་ཡོད་པ་རེད་འདུག།