རྒྱལ་ས་ལྡི་ལིའི་རླུང་ཁམས་བཙོག་ཏུ་འགྲོ་ཡོད་པ་དང་ཤིན་ཏུ་བཙོག་པའི་སྡེ་ཚན་གྱི་བཙོག་གྲིབས་ཚད་གཞིར་སླེབས་ཡོད་པ།

རྒྱལ་ས་ལྡི་ལིའི་རླུང་ཁམས་བཙོག་ཏུ་འགྲོ་ཡོད་པ་དང་ཤིན་ཏུ་བཙོག་པའི་སྡེ་ཚན་གྱི་བཙོག་གྲིབས་ཚད་གཞིར་སླེབས་ཡོད་པ་རེད་འདུག་   དེའང་དབུས་བཙོག་གྲིབས་སྟངས་འཛིན་ཚོགས་ཆུང་གི་འགན་འཛིན་ལས་འཕར་ཌོག་ཊོར་ཌི་སཱཧཱ་མཆོག་གིས་རང་རེའི་རླུང་འཕྲིན་ཁང་ལ་བཙོག་གྲིབས་མང་དུ་འགྲོ་བ་དེ་ནི་གནམ་གཤིས་སྒྱུར་བ་དུ་མ་ལས་རྐྱེན་པས་ཡིན་སྐོར་གསུངས་གནང་འདུག།

ད་དུང་རྒྱལ་ཡོངས་ཁྲིམས་ཁང་ལྗང་ཁུས་ལྡི་ལིའི་འཛིན་སྐྱོང་ལ་བཙོག་གྲིབས་མང་དུ་འགྲོ་བ་དེར་གཙང་བཟོས་ལག་བསྟར་ཅིའང་མ་བྱེད་པར་སྐྱོན་བརྗོད་བྱེད་པ་དང་ད་དུང་རྒྱ་གར་དང་སྲི་ལཀཱཾ་ཡི་དབར་ལ་ཀི་རི་ཊི་རྩེད་མོའི་འགྲན་བསྡུར་གོ་བསྒྲིག་བྱས་པར་སྐྱོན་བརྗོད་བྱེད་ཡོད་འདུག།