སྲིད་བློན་མོདི་མཆོག་ནི་ཨ་རིའི་སྲིད་འཛིན་ཊྲཱམ་གྱི་རྗེས་སུ་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ནང་དུ་མང་ཤོས་བརྗོད་པའི་ཆབ་སྲིད་འགོ་འཁྲིད་ཡིན་པ།

འདི་ལོར་སྲིད་བློན་ནཱརེནཌྲཱ་མོདི་མཆོག་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊྲཱམ་གྱི་རྗེས་སུ་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ནང་དུ་མང་ཤོས་བརྗོད་པའི་ཆབ་སྲིད་འགོ་འཁྲིད་ཡིན་པའི་སྐོར་ཊྭི་ཊར་གྱིས་གནས་ཚུལ་ཁས་ས་ཁྱབ་བསྒྲགས་བྱས་ཡོད་པ་རེད་འདུག།

དེའང་མོདི་མཆོག་ལ་ཊྭི་ཊར་ནང་དུ་རྗེས་འཇུག་མི་ས་ཡ་༣༧་༥ ཡོད་པ་ནི་ཨ་རིའི་སྲིད་འཛིན་ཊྲམ་ལ་རྗེས་འཇུག་མི་ས་ཡ་༤༤་༡ ཡོད་པ་གཉིས་སྤྱི་ཚོགས་དྲ་རྒྱ་དེའི་ནང་དུ་བརྗོད་པའི་ཆབ་སྲིད་འགོ་འཁྲིད་མང་ཤོས་གཉིས་པོ་དེ་ཡིན་པ་རེད་འདུག།