དེ་རིངགུཇ་རཏ་མངའ་སྡེ་ཡི་འོས་བསྡུ་ལས་གཞི་དང་པོ་ཆེད་ལས་འགུལ་འཇུག་བསྡུ་བ།

གུཇ་རཏ་གྲོས་ཚོགས་ཀྱི་འོས་བསྡུ་འགོ་མ་ཚུགས་གོང་གི་ཉིན་གཅིག་སྔོན་སྲིད་དོན་ཚོགས་པ་ཁག་གི་འོས་འཕེན་གནང་མཁན་རྣམས་ཀྱི་འོས་ཐོབ་པར་གང་ཐུབ་ལས་འགུལ་འབད་བརྩོན་མཐའ་མ་གནང་བཞིན་ཡོད་འདུག་  ཁ་སང་ནེ་ཏ་རང་གྲོང་འཁྱེར་དུ་མང་ཚོགས་གཏམ་བཤད་སྐབས་སྲིད་བློན་བ་རེན་དྷར་མོ་དྷི་མཆོག་གིས་ཁོ་བོས་གཞུང་གིས་རུས་སྡེའི་མི་མང་རྣམས་ཀྱི་བདེ་དོན་ཆེད་རྩོལ་སྒྲུབ་བྱེདབཞིན་ཡོད་པ་བརྗོད་འདུག་ཁོ་བོས་གུཇ་རཏ་མངའ་སྡེར་བི་ཇེ་པི་གཞུང་བཟིན་རྗེས་བུད་མེད་ཀྱི་ཤེས་ཡོན་དང་ལྷག་པར་དུ་རུས་སྡེ་ཡི་བུད་མེད་རྣམས་ཀྱི་ཤེས་ཡོན་གོང་འཕེལ་འགྲོ་ཡོད་པ་བརྗོད་འདུག་ སྐུ་ཞབས་མོ་དྷི་མཆོག་གིས་ནང་མི་ས་ཡ༤༠ ལྷག་ལ་རིན་མེད་ཐོག་གློག་གི་མཐུན་རྐྱེན་འབྱོར་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག་ ཁོ་བོསགཞུང་ནིདབུལ་འཕོངས་ཉམ་ཐག་གི་གཞུངཡིན་པབརྗོད་འདུག་གི་