ནེ་པལ་གྲོས་ཚོགས་དང་མངའ་སྡེའི་འོས་བསྡུ་ཡི་ལས་གཞི་གཉིས་པ་དང་མཐའ་མ་འགྲོ་བཞིན་པ།

ནེ་པལ་གྲོས་ཚོགས་དང་མངའ་སྡེའི་འོས་བསྡུ་ཡི་ལས་གཞི་གཉིས་པ་དང་མཐའ་མ་འགྲོ་བཞིན་ཡོད་འདུག་ ད་ལན་གྱི་འོས་བསྡུ་ལས་གཞིར་རྫོང་༤༥ ཡི་དབུས་གྲོས་ཚོགས་སྐུབ་སྟེགས་༡༢༨ དང་མངའ་སྡེ་གྲོས་ཚིགས་ཁག་གི་སྐུབ་སྟེགས་༢༥༦ ཡི་འོས་བསྡུ་འགྲོ་བཞིན་ཡོད་འདུག་ འོས་མི་༤༤༨༠ ལྷག་འོས་བསྡུར་འགྲན་བསྡུར་གནང་བཞིན་ཡོད་འདུག་ ནེ་པལས་གནས་སུའོས་བསྡུ་ལྟེ་གནས༡༥༣༤༠ ལྷག་ཏུ་འོས་འཕེན་པ་ས་ཡ༡ དང་འབུམ་༢༢ ཆེད་གོ་སྒྲིག་ཞུ་འདུག་ འོས་བསྡུ་ཡི་ལས་གཞི་དེ་རིང་ཕྱི་དྲོ་ཕྱག་ཚོད་༥ བར་འགྲོ་རྒྱུ་ཡིན་འདུག་ ཀཏ་མན་གྲུ་གསར་འགོད་གནས་འབྲེལ་བའི་འོས་བསྡུ་ཡི་ཀས་གཞི་དྲང་བདེན་ འགོག་མེད་དང་ཞི་བདེ་བག་ཕེབས་ངང་ཡོང་བརཉེན་སྲུངགི་གོ་སྒྲིག་ལེགས་པར་གནང་ཡོད་པ་གོ་ཐོས་བྱུང་འདུག་གོ་