རྒྱ་གར་དབུས་གཞུང་གྱི་དངུལ་མཛོད་ཆེན་པོ་ནས་གནད་འགག་ཅན་གྱི་རེན་གོང་ལ་འགྱུར་བ་གཏང་མེད།།

ཐེངས་ལྔ་པའི་ཟླ་བ་གཉེས་རེའི་དངུལ་གྱི་སྲིད་ཇུས་གསལ་བསྒྲགས་འདི་རྒྱ་གར་དབུས་གཞུང་གྱི་དངུལ་ཁང་ཆེན་པོའི་སྐུ་ཞབས་ཨར་ཇིཊ་པཊལ་(UrjitPatel)དབུ་ཁྲིད་པའི་ཐོག་ནས་རྒྱ་གར་དབུས་གཞུང་གྱི་དངུལ་མཛོད་ཆེན་པོའི་(RBI)ད ངུལ་གྱི་སྲིད་ཇུས་ཚོགས་ཆུང་(MPC)་ནས་འགྲེམ་སྤེལ་གནང་ཡོད་པ་རེད།དགའ་མོས་བྱེད་པའི་དྲན་ཐོ་ཞོག་ལ་རིན་པའི་གནས་བབས་ནི་ཡང་ཐོ་དངུལ་ཁང་ནས་འཛིན་སྐྱོང་བྱེད་རྒྱུ་ཡིན་པ་ཁས་ལེན་བྱེད་འདུག།དངུལ་གྱི་སྲིད་ཇུས་ཚོགས་ཆུང་ནས་རིན་པའི་གནས་བབས་འདི་བརྒྱ་ཆ་༦་%དང་ཆ་ཚང་རེན་པའི་གནས་བབས་བརྒྱ་ཆ་༥་༧༥%ཉར་ཚག་བྱེད་བཞིན་ཡོད་པ་རེད་ཡིན་ནའང་ངེས་ཆར་ལོའི་དངུལ་རྩིས་ཡུལ་ཐང་འཕར་ཆ་སྔོན་བརྡ་ནི་བརྒྱ་ཆ་༤་༣ནས་༤་༧%འཕར་ཡོད་པ་རེད།།

ཕྱི་ལོ་༡༩༣༤ལོའི་རྒྱ་གར་དབུས་གཞུང་གྱི་དངུལ་མཛོད་ཆེན་པོའི་ཙ་ཁྱིམས་བསྐྱར་བཅོས་ནང་དུ་རྒྱ་གར་དངུལ་གྱི་སྲིད་ཇུས་ཚོགས་ཆུང་འདི་ཁྲིམས་ལུགས་རྣམས་བཀོད་ཡོད་པ་མ་ཟད་རྒྱ་གར་དངུལ་གྱི་སྲིད་ཇུས་ཚོགས་སྡེ་ཡི་ཚོགས་མི་རྣམས་ནས་སྲིད་ཇུས་ལ་ཁས་ལེན་བྱེད་ཡོད་པ་རེད།རྒྱ་གར་ནང་ཚིགས་སྡེ་བསྐྱར་བཅོས་སྲེད་ཇུས་ལ་རྒྱ་གར་དབུས་གཞུང་གྱི་དངུལ་ཁང་ཆེན་པོ་ནས་མཚན་རྟགས་རྒྱབ་ཡོད་པ་རེད་དང་མཉམ་དུ་རྒྱ་གར་གཞུང་ནས་དབུས་དངུལ་མཛོད་ལ་དམིགས་ཡུལ་འཛིན་པའི་ཐོག་ནས་་དངུལ་གྱི་སྒྲོམ་གཞི་གསར་པ་བཟོ་ཡོད་པ་རེད།དངུལ་ཁང་ཆེན་པོའི་ཙ་ཁྱིམས་བསྐྱར་བཅོས་བཟོ་བ་ནས་བཟུང་དངུལ་གྱི་རིན་ཐང་རྟེན་ལྷིང་ལ་སྟངས་འཛིན་དང་ཡུལ་ཐང་འཕར་ཆ་ལ་ལ་དོ་སྣད་བྱེད་ཡོད་པ་མ་ཟད་དེ་མིན་གོང་ཚད་བརྗེ་ལེན་དང་ལས་བྱེད་དང་ཡུལ་ཐང་འཕར་ཆ་ཡི་ཡར་རྒྱས་བཅས་ལ་དོ་སྣང་བྱེད་མེད་པ་རེད།།

རྒྱ་གར་དངུལ་གྱི་སྲིད་ཇུས་ཚོགས་ཆུང་བར་གནས་དངུལ་གྱི་སྲིད་ཇུད་འདི་རིན་པའི་གནས་བབས་འདི་བརྒྱ་ཆ་༦་%

ལ་ཉར་ཚགས་བྱེད་རྒྱུ་ཡིན་པ་ལས་རིན་པའི་གནས་བབས་འདི་བརྒྱ་ཆ་༤འོག་དུ་སྟངས་འཛིན་བྱེད་རྒྱུ་ཡིན་པ་ཐག་གཅོད་བྱས་འདུག།རྒྱ་གར་དབུས་གཞུང་ནས་དངོས་སོག་གི་ཁྲལ་(GST)དང་ཚང་ལས་ཀྱི་གོ་གནས་གོང་འཕེལ་(Business ranking)དང་དངུལ་གྱི་མ་ཙའི་རིང་ལུགས་ཀྱི་ཐུམ་སྒྱིལ་(RecapitalizationPackage)སོགས་པ་བཅོས་སྒྱུར་སྣ་མང་བཟོ་ཡོད་པ་རྣམས་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་ད་ཡིན་པ་རེད།ཕྱི་ལོ་༢༠༡༧དང་༢༠༡༨ཡིས་ཐེངས་ལྔ་པའི་ཟླ་བ་གཉེས་རེའི་དངུལ་གྱི་སྲིད་ཇུས་གསལ་བསྒྲགས་ནང་ཕྱི་ལོ་༢༠༡༧དང་༢༠༡༨ལོའི་ཟླ་བ་༡༠པའི་ཐག་གཅོད་གཏན་འབེབ་འདི་བརྒྱ་ཆ་༦་༧ནི་རྒྱལ་སྤྱི་སྣུམ་གྱི་རིན་ཐང་འཕར་བ་ལ་མ་ལྟོས་པ་ཉར་འཚགས་བྱེད་ཡོད་པ་འདི་(GVA)ཡར་རྒྱས་ཀྱི་ལས་འཆར་ཡིན་པ་རྒྱ་གར་དབུས་གཞུང་གྱི་དངུལ་ཁང་ཆེན་པོ་ནས་བརྗོད་འདུག་།ཐེངས་ལྔ་པའི་ཟླ་བ་གཉེས་རེའི་དངུལ་གྱི་སྲིད་ཇུས་གསལ་བསྒྲགས་ནང་དུ་གཞུང་ཁྲལ་དངུལ་འབབ་འཛིན་ལ་དོགས་ཟོན་བྱེད་དགོས་པའི་སྐོར་ལ་རྒྱ་གར་དབུས་གཞུང་གྱི་དངུལ་ཁང་ཆེན་པོ་ནས་བརྗོད་འདུག།།

རྒྱལ་སྤྱི་དཔལ་འབྱོར་ཁྲོམ་ར་དང་ཨ་རི་(FED)གོང་འཕེལ་དང་ཕན་ཚུལ་འབྲེལ་ལམ་སོགས་ཀྱི་སྐོར་ལ་རྒྱ་གར་དངུལ་གྱི་སྲིད་ཇུས་ཚོགས་ཆུང་གི་སྙན་ཞུའི་ཟིན་བྲིས་ནང་དུ་བཀོད་ཡོད་པ་རེད་གང་ལྟར་ཡང་རྒྱ་གར་དབུས་གཞུང་གྱི་དངུལ་མཛོད་ཆེན་པོ་ནས་བས་གནས་ཀྱི་སྲིད་ཇུས་འཛིན་སྐྱོང་བྱེད་ཕྱོགས་ཐོག་ནས་ནང་དགོས་མཁོ་བསྐྱར་དང་སྒེར་གི་མ་ཙ་སྐུལ་མ་གཏོང་བའི་ཐོག་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་སོགས་ཉམས་པ་ལ་བློ་ཕམ་ཡོད་སྐྱོར་བརྗོད་འདུག།།

རྒྱ་གར་དངུལ་གྱི་སྲིད་ཇུས་ཚོགས་ཆུང་གི་ཐག་གཅོད་ནང་ལྷན་ཚོགས་ཀྱི་འདུ་ཤེས་ལྟར་རེ་བ་སྒྲུབ་ཐུབ་པ་བྱུང་ཡོད་པ་རེད།རྒྱལ་སྤྱི་དཔལ་འབྱོར་ཁྲོམ་ར་དང་ཨ་རི་(FED)ཡི་ཚོགས་གཙོ་ཇ་ནེཊ་ཡི་ལན་(IanetYellen)ནས་རྒྱ་གར་དབུས་གཞུང་གྱི་དངུལ་ཁང་ཆེན་པོའི་ཐག་གཅོད་ལ་གནོན་ཤུགས་སྤྲད་ཡོད་པ་རེད་དང་ཨ་རི་(FED)ཡི་ཐག་གཅོད་དེ་ཡང་ཟླ་བ་༡༡་ཡིས་ལ་འཇུག་ལ་འགྲེམ་སྤེལ་བྱེད་ཡོད་པ་རེད།།