རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱལ་ས་ལྡི་ལིར་ཕེབས་རྒྱུ་ཡིན་པ་དང་རང་རེའི་གཞུང་འབྲེལ་མཛད་གཙོ་རྣམ་པ་དང་ལྷན་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་མཆོག་རྒྱལ་ས་ལྡི་ལིར་རུ་སུ་དང་རྒྱ་གར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུར་འདི་ཟླའི་ཕྱི་ཚེས་༡༡ ལ་ཕེབས་རྒྱུ་ཡིན་པ་དང་རང་རེའི་གཞུང་འབྲེལ་མཛད་གཙོ་རྣམ་པ་དང་ལྷན་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད་འདུག།

དེའང་གནས་ཚུལ་འདིའི་ཁྱབ་བསྒྲགས་རྒྱ་ནག་གཞུང་གིས་ཁས་ས་བྱས་ཡོད་པ་དང་ཌོག་ལམ་རྒྱ་གར་དང་རྒྱ་ནག་ས་མཚམས་ཀྱི་དཀའ་རྙོག་གི་རྗེས་སུ་རྒྱ་ནག་འགོ་འཁྲིད་རྒན་པ་ཞིག་གི་འཚམས་གཟིགས་དང་པོ་དེ་ཡིན་པ་རེད་འདུག།