སྲིད་བློན་ནཱརེནྡྲཱ་མོདི་མཆོག་གིས་རྒྱལ་ས་ལྡི་ལིར་ཡོད་པའི་ཌོག་ཊོར་ཨམབེདཀཱར་རྒྱལ་སྤྱི་ལྟེ་གནས་ཁང་གི་དབུ་འབྱེད་གནང་རྒྱུ་ཡིན་པ།

སྲིད་བློན་ནཱརེནྡྲཱ་མོདི་མཆོག་གིས་རྒྱལ་ས་ལྡི་ལིར་ཡོད་པའི་ཌོག་ཊོར་ཨམབེདཀཱར་རྒྱལ་སྤྱི་ལྟེ་གནས་ཁང་གི་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག་   དེའང་སྲིད་བློན་མོདི་མཆོག་གིས་སྤྱི་ཚོགས་དྲ་རྒྱའི་ཊྭི་ཊར་ནང་དུ་ལྟེ་གནས་ཁང་དེ་ནི་དེང་འཛམ་གླིང་གི་ཁང་བཟོ་རིག་པ་དང་ནང་པ་དང་མཐུན་པའི་ཐོག་བཟོས་པ་ཞིག་ཡིན་སྐོར་གསུངས་བ་དང་དེར་གྲོས་གླེང་ཚོགས་ཁང་གཅིག་ཡོད་པ་དང་ཚོགས་ཁང་གསུམ་ཡོད་པ་དང་དཔེམཛོད་ཁང་ཡོད་སྐོར་གསུངས་གནང་འདུག།