སྲིད་འཛིན་ཀོཝིནྜ་མཆོག་དེ་རིང་ཨཱནྡྲཱ་པྲཱདེཤ་ལ་གནམ་གྲུའི་ཁྱད་ནོར་འགྲེམ་སྟོན་ཁང་གི་དབུ་འབྱེད་བྱེད་ཆེད་དུ་ཉིན་གཉིས་ཀྱི་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་དེ་རིང་ཨཱནྡྲཱ་པྲཱདེཤ་མངའ་སྡེའི་ཝིཤཱཀཱཔཏནམ་ལ་གནམ་གྲུའི་ཁྱད་ནོར་འགྲེམ་སྟོན་ཁང་གི་དབུ་འབྱེད་བྱེད་ཆེད་དུ་ཉིན་གཉིས་ཀྱི་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།

སྲིད་འཛིན་མཆོག་གིས་ཝིཤཱཀཱཔཏནམ་ལ་ཌོག་ཊོར་བིམ་རའོ་ཨཱམབེདཀཱར་དྲན་གསོའི་སློབ་གྲྭ་ལའང་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་རེད་འདུག།

ད་དུང་སང་ཉིན་སྲིད་འཛིན་མཆོག་གིས་མཚོ་དམག་གི་བྱིངས་གྲུ་སྡེ་ཚན་ལ་ཀོ་ལོར་བསྩལ་རྒྱུ་ཡིན་པ་རེད་འདུག།