ཨ་རི་སྲིད་འཛིན་གྲོ་ནལ་ཀྲ་རམ་མཆོག་གིས་ཨི་ཛི་རེལ་རྒྱལ་ཁབ་ཀྱི་རྒྱལ་ས་ཇེ་རུ་སེ་ལམ་ངོས་བཟུང་བ; ཨ་རི་ཡི་གཞུང་ཚབ་གནས་སྤོ་གནང་རྒྱུ་གསལ་བསྒྲགས་གནང་བ།

ཨ་རི་སྲིད་འཛིན་གྲོ་ནལ་ཀྲ་རམ་མཆོག་གིས་ཨི་ཛི་རེལ་རྒྱལ་ཁབ་ཀྱི་རྒྱལ་ས་ཇེ་རུ་སེ་ལམ་ངོས་བཟུང་བ་ནས་ད་ལྟའི་ཆར་Tel Aviv གྲོང་འཁྱེར་དུ་ཡོད་བཞིན་པའི་ཨ་རི་ཡི་གཞུང་ཚབ་རྒྱལ་ས་གསར་པར་གནས་སྤོ་གནང་རྒྱུ་གསལ་བསྒྲགས་གནང་འདུག་ སྲིད་འཛིན་མཆོག་གིས་ཁ་སང་དགོང་མོ་ཕ་བྲང་དཀར་པོ་ནས་རྒྱང་འགྱེད་གསལ་བསྒྲགས་སྐབས་གོམ་སྤོ་དེ་དག་དུས་ཐོག་མ་ནས་གནང་རྒྱུ་ཡིནཔབརྗོད་འདུག་ སྲིད་འཛིན་མཆོག་གིས་དབུས་གཞུང་ལ་ཨ་རུ་གཞུང་ཚབ་གསར་འཛུགས་གནང་བའི་ལས་གཞི་མྱུར་དུ་གོ་འཛུགས་གནང་བར་འབོད་འདུག་ ཁོ་བོས་ཨི་ཛི་རེལ་དང་པེ་ལེས་ཊེནགཉུས་ཀྱི་རྩིད་རྙོག་བསལ་བར་རྒྱལ་ཁབ་གཉིས་ཀྱི་དགོས་དོན་སྒྲུབ་པར་བསྐྱར་ཟློས་གནང་འདུག་གོ་